ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་ཆེན་བསྡུས།
2023.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཞི་པའི་ཚེས་བདུན་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་ཆེན་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བརྗོད་དོན་སློབ་གསོར་སྐུལ་སློང་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་སྐུལ་སློང་གཏམ་བཤད་སྤེལ་བ་དང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་བཅུ་དགུ་པའི་ཚན་གཙོ་པཱ་དབྱིན་ཁྲའོ་ལུའུ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གཏམ་བཤད་སྤེལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོགས་འདུར་ཞུགས།  དེ་ལས་གཞན་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་འབྲེལ་ཡོད་ཁོངས་མི་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཏང་ཀྲི་པུའུ་ཨུ་ཡོན་སོགས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཕན་པ་ཆེ་བའི་ཆབ་སྲིད་སྐུལ་སློང་ཞིག་དང་། བརྒྱུད་རིམ་ལྡན་པའི་དབང་གྲགས་ཟུར་ཁྲིད་ཅིག གཏིང་ཟབ་པའི་ཏང་གཤིས་སློབ་གསོ་ཞིག་བཅས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པར་བརྟེན། དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་དགོས། དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་རྒྱུར་ཤུགས་སྣོན་རྒྱུ་དང་། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། །ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུར་ཤུགས་སྣོན་པ། གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་གཉེར་བྱས་ནས་དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློའི་ལས་དོན་ལ་རྣམ་པ་གསར་པ་འབྱུང་བར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་པའི་དཔེ་བཟང་གི་ལས་ཁུངས་ཤིག་འཛུགས་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། གཞུང་ལུགས་ལ་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་བྱེད་པ་བཅས་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ལེན་པར་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།