མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
2023.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་བཞི་པའི་ཚེས་བདུན་ཉིན་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། བདེ་ཐང་གཉིས་ཀྱི་བརྗོད་དོན་ལ་གོ་བ་ཟབ་མོ་བླངས་ལ། ཆབ་སྲིད་ཚོགས་འཛུགས་བྱ་བ་ཡོངས་ཀྱི་གོ་གནས་དང་པོར་བཞག་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་སྲ་བརྟན་དུ་བཏང་བ་དང་རྒྱ་བསྐྱེད་ལ། མི་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ནས། དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་བ་བཙུགས་པ་དང་། ཟམ་ཐག་གི་ནུས་པ་འདོན་སྤེལ་བྱས་ལ། རང་འགུལ་གྱིས་ཞབས་འདེགས་ཞུས་པ་དང་སྔོན་དུ་ཞབས་འདེགས་ཞུས་ལ། རྩ་འཛུགས་ཀྱི་སྒྲིག་གཞི་དང་བྱ་བའི་རྐྱེན་སྲོལ།་རང་ངོས་འཛུགས་སྐྲུན་སོགས་ཕྱོགས་ཀྱི་བཅོས་སྒྱུར་གསར་གཏོད་གཙོར་བཟུང་ནས། བྱ་བ་སྣ་ཚོགས་ཐད་ནས་ཚད་ལྡན་དང་གོ་རིམ་ལྡན་པ་དང་། ཕན་འབྲས་ལྡན་པའི་རྣམ་པ་བཟང་བོ་གྲུབ་པར་བྱས་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིད་ཆེས་ཆེར་བསྐྱེད་པའི་ཆབ་སྲིད་རང་རྟོགས་དང་འགན་སྒྲུབ་ཁག་ཁུར་གྱི་བྱ་སྤྱོད་རང་རྟོགས་ཇེ་མཐོར་གཏོང་དགོས། ཆབ་སྲིད་སྟེང་གི་བསམ་ཤེས་བྱེད་པ་དང་། སྣེ་ཁྲིད་དེ་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྣེ་ཁྲིད་དེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། དཔལ་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་མི་སྣ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ལྡན་དགེ་མཚན་གཙིགས་སུ་འཛིན་པ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས། དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི་མགྲིན་ཚབ་པ་བྱེད་པ་དང་། སྲིད་སྐྱོང་ཇུས་འདོན་གྱི་ཐབས་ལམ་གཙོ་བོ་བཀོལ་སྤྱོད་བཟང་བོ་བྱེད་པ། ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་ཐག་གཅོད་པའི་ཁག་ཁུར་མངོན་པར་བྱས་ཏེ། ཡུལ་དངོས་རྟོག་ཞིབ་ཀྱི་སྤྱོད་ཚུལ་བཟང་བོ་དར་སྤེལ་གཏོང་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་དྲོད་ཁོལ་མྱོང་ཐུབ་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།