སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་དང་པོའི་སྐོར་ཞིབ་ཚན་ཆུང་དངོས་སུ་བཅའ་སྡོད་བྱས།
2023.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཟླ་འདིའི་ཟླ་འགོར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་དང་པོའི་སྐོར་ཞིབ་ཚན་ཆུང་བཅོ་ལྔ་སྔ་རྗེས་སུ་སྐོར་ཞིབ་བྱེད་ཡུལ་ལས་ཁུངས་སུ་བཅའ་སྡོད་བྱས་ནས་དངོས་སུ་སྐོར་ཞིབ་ལས་དོན་སྤེལ་མགོ་བརྩམས།  ཟླ་བཞི་པའི་ཚེས་བརྒྱད་ཉིན་བར་དུ། བཅའ་སྡོད་ལས་དོན་ཚང་མ་ཡོངས་འགྲུབ་བྱས། ད་ཐེངས་ཀྱི་སྐོར་ཞིབ་ལས་དོན་ཁྲོད་དུ་རྒྱུན་གཏན་གྱི་སྐོར་ཞིབ་དང“ཕྱིར་མིག་ལྟ་བ།” སྐབས་བསྟུན་སྐོར་ཞིབ་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། སྐོར་ཞིབ་བྱེད་ཡུལ་ཁྲོད་དུ་ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་སུམ་ཅུ་དང་དངུལ་རྩའི་ལས་ཁུངས་ལྔ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་བཅས་འདུ།

སྐོར་ཞིབ་ལས་དོན་གྱི་བླང་བྱ་ལྟར་དུ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་སོ་སོས་ཐོག་མར་སྐོར་ཞིབ་བྱེད་ཡུལ་ལས་ཁུངས་དེའི་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་རྒྱུ་དང་། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བྱེད་རྒྱུའི་སྐོར་ནས་བརྡ་ཐོ་བཏང་།

བཅའ་སྡོད་སྐུལ་སློང་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། སྐོར་ཞིབ་ལས་དོན་ཏན་ཏིག་ངང་སྤེལ་དགོས་པའི་བླང་བྱ་བཏོན་པར་མ་ཟད། སྐོར་ཞིབ་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྐོར་ཞིབ་ལས་དོན་གྱི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཁག་ཚང་མ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས“སྲུང་སྐྱོང་གཉིས”སྒྲུབ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས་ལ། ཆབ་སྲིད་སྐོར་ཞིབ་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།