ཁྲིན་ཀང་། (མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།)
མཚོ་སྔོན་ལ་མཚོན་ནས་བཤད་ན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་ཁྲོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་འཆར་འགོད་ཁྲོད་ཕྱོགས་གནས་ཡང་དག་འཚོལ་བ། ལག་བསྟར་ཁྲོད་ཕན་འབྲས་ལེན་ཐུབ་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བྱ་བ་བཟང་བོར་སྒྲུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་སྤྱིའི་དགོངས་གཞི་རུ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་བླངས་ནས། སྟོབས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་མཛད་པ་དང་། སྔོན་གཞུག་ཏུ་ཐེངས་གཉིས་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ལ། ཐེངས་མང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་དང་མདུན་ལམ་གསལ་བོར་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི། རྒྱལ་དོན་གལ་ཆེན་ཡིན་ཞེས་ནན་གྱིས་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལྟར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱིའི་སྣེ་ཁྲིད་དུ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་འགོག་རའི་མཐོ་ས་གསར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་བ་སོགས་མཐོ་ས་གསར་བ་བདུན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་དགོས།
མིག་སྔར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་གནས་ཐོག་མ་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་གཞི་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་ཐོབ་སྟེ་རང་རྒྱལ་གྱི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ཆ་ནས་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཀྱང་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བ་དངོས་སུ་མགོ་བརྩམས་ཡོད་པ་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་དུས་སྐབས་སྔོན་གྱི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ་མཚོ་སྔོན་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་གཅིག་པུ་རུ་གྱུར་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གཙོ་བོ་ཡིན་པ་དང་། ཁྱད་ཆོས་དེ་མཚོ་སྔོན་དུ་འབུར་ཐོན་ངང་མངོན་ཡོད། གོ་རིམ་རྗེས་མར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་དུ་ལངས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ན། གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་བྱ་བ་གཙོར་བཟུང་ནས་བསྒྲུབ་དགོས་ཏེ།
གཅིག་ནི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་དགོས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ངང་ཤུགས་བསྣན་ཏེ་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།
གཉིས་ནི་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་ཀླུང་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་མ་ལག་གལ་ཆེན་གྱི་སྲུང་སྐྱོབ་དང་ཉམས་གསོ་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་ནན་མོ་བཏང་སྟེ། ཆུ་ཁུངས་གསོ་སྐྱོང་ནུས་པ་སྔར་ལས་ཆེ་རུ་བཏང་ནས། གཙང་ཆུའི་རྒྱལ་ཁབ་ས་ངོས་ཆུའི་དཔྱད་ཞིབ་ཀྱི་བཅད་ཁའི་སྤུས་ལེགས་ཆུ་ཚད་དེ་བརྒྱ་ཆའི་བརྒྱ་ཡིན་པའི་ཞིང་ཆེན་གཅིག་པུ་ཡི་མཚན་སྙན་སྔར་ལས་ཇེ་བརྟན་དུ་བཏང་སྟེ། གཙང་བོ་སྔོ་ལྡེམ་མེར་ཤར་ཕྱོགས་སུ་བཞུར་ཐུབ་པར་འགན་ལེན་བྱེད་དགོས།
གསུམ་ནི་མུ་རུ་གཏེར་ཁུལ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་སྔོན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྦྲེལ་མཐུད་དང་ལྟ་སྐུལ་དོ་དམ་མཉམ་འགུལ། ནུས་པ་གསབ་རེས་བཅས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱེད་དགོས།
བཞི་ནི་མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཅིག་སྡུད་ས་ཁུལ། དམིགས་བསལ་མཛེས་ལྗོངས་གནའ་ཤུལ་བཅས་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་གང་ལེགས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་མཚོ་སྔོན་ལ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་བསྐྲུན་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་བསྐྲུན་པའི་རླབས་ཆེན་འཆར་གཞི་བཀོད། ང་ཚོས་ཐོན་ལས་ཀྱི་གནས་བཞི་བསྐྲུན་རྒྱུ་བྱེད་ཐབས་སུ་བརྩིས་ནས། མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཐུན་སྦྱོར་བྱེད་པ། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱེད་པ་སོགས་ཀྱི་ལམ་སྲོལ་ལེགས་པར་སྤྱད་དེ། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ལས་དོན་ལ་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་ཡིན།
ཀྲུང་གོའི་ཚྭ་མཚོ་སྡེ་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚྭ་མཚོའི་ཐོན་ལས་ཐེབས་རྩ་མྱུར་དུ་བཙུགས་ནས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། མིག་སྔར་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། བསྟུད་མར་རྟེན་གཞིའི་གཞི་རྒྱ་བསྐྱེད་པ་དང་། གློག་དྲའི་མི་འདང་ས་ཁ་གསབ་བྱེད་པ། དཀའ་ཁག་འགག་སྒྲོལ་བྱེད་པ། གློག་ནུས་ཚབ་བྱེད་མྱུར་མོ་བྱེད་པ། དང་ལེན་ནུས་པ་མཐོར་འདེགས་བྱེད་དགོས། གནས་སྐོར་ཐོན་ལས་དེ་སྲོལ་རྒྱུན་གྱི་ལྟ་སྐོར་རྣམ་པ་ཅན་ནས་སྐྱེ་ཁམས་མྱོང་རོལ་ཅན་གྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་མཐོ་སྒང་ཡང་རྩེའི་གནས་སྐོར་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཞིན་ཅང་། མཚོ་སྔོན་དང་ཀན་སུའུ་ས་ཁོངས་ཀྱི་སྐྱེ་ཁམས་གནས་སྐོར་ལམ་ཐིག་ཆེན་མོ་གསར་གཏོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཏེ། ལྷད་མེད་སྐྱེ་ལྡན་དེ་མཚོ་སྔོན་རྟགས་ཅན་གྱི་ཞིང་ཞོར་ཐོན་རྫས་ཀྱི་གསེར་གྱི་མིང་བྱང་ལྟ་བུར་འགྱུར་དུ་འཇུག་དགོས།
སྐྱོད་ལམ་གསར་བའི་སྟེང་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་བརྗེ་རེས་དང་འགྲོ་འོང་། འདྲེས་སྦྱོར་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཐོག་མར་འཛུགས་སྐྲུན་བྱས་ནས། གྲོང་ཁྱེར་དང་ཁུལ་ཚང་མ་དང་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་རྒྱལ་ཁབ་རིམ་པའི་དཔེ་སྟོན་དུ་འཛུགས་སྐྲུན་བྱས་པའི་ཞིང་ཆེན་དང་པོར་གྱུར། མི་རིགས་མཐུན་སྒྲིལ་གྱི་མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་གསོ་སྤེལ། བརྗོད་དོན་སྤྱི་གླིང་བརྒྱའི་འཛུགས་སྐྲུན་བཅས་ལག་བསྟར་བྱས། ན་གཞོན་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་དཔེ་སྟོན་བྱེད་ས་དྲུག་ཅུ་འཛུགས་སྐྲུན་བྱས་པ་དང་། སེ་འབྲུ་ལྟ་བུའི་ཁྱིམ་གཞིས་ཞེས་པའི་སྡོད་ཁུལ་སུམ་བརྒྱ་དང་དྲུག་ཅུ་གསར་གཏོད་བྱས་པས། མཚོ་སྔོན་གྱི་ཉམས་མྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད།