ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་ཟླ་བཞི་པའི་ཚེས་བཅུ་ཉིན་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་རུ་སོང་ནས་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་རེ་བ་དངོས་འབེབས་གང་ལེགས་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་བྱས་ནས་དུས་རབས་གསར་བའི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ངེས་པ་དོན་གྱིས་ཁག་ཁུར་དང་བྱ་བ་ནན་སྒྲུབ། ཕན་འབྲས་ཐོན་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།
ཝང་ཝེ་ཏུང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པའི་ཁི་དང་འཇོན་མིའི་གཞུང་སྒྲུབ་ཁང་། བརྡ་འཕྲིན་ལྟེ་གནས། རྩ་འཛུགས་ཁི་སོགས་སུ་སོང་ནས། ལས་ཁུངས་ཀྱི་ལས་བྱེད་པར་སྐོར་བརྒྱབ་པ་དང་ཚང་མར་བརྗེ་རེས་ཟབ་མོ་བྱས། བྱ་བའི་སྙན་ཞུར་ཉན་རྗེས། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་བྱ་བར་ཁས་ལེན་གང་ལེགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།