ཝང་ཧུའུ་ཉིང་གིས་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ཀྱི་སྟེང་ནས་ཐའེ་ཝན་ཕྱོགས་ཀྱི་ལས་འཛིན་མགོ་གཙོར་མཇལ་འཕྲད་གནང་།
2023.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཞི་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་སྟེང་དུ་ཐའེ་ཝན་ཕྱོགས་ཀྱི་ལས་འཛིན་མགོ་གཙོ་ལིའུ་ཀྲའོ་ཞོན་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ཆེན་མོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་འགྲོས་དང་བསྟུན་ནས། སྤུན་ཟླའི་བདེ་སྐྱིད་དང་བརྩེ་སེམས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དེ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་རྒྱུར་སྔར་ལས་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླའི་བར་བརྩི་འཇོག་དང་བྱམས་སྐྱོང་། བདེ་སྐྱིད་བསྐྲུན་པ་བཅས་བྱས་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླའི་ཁེ་ལས་ལ་མེས་རྒྱལ་གྱི་སྐམ་ས་ཆེན་མོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་སྔར་ལས་ལོངས་སྤྱོད་བྱེད་དུ་འཇུག་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མས་མཉམ་དུ་ལག་གདང་སྦྲེལ་ནས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པ་དང“ཐའེ་ཝན་རང་བཙན”ཁ་བྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། མཉམ་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་དགོས་ཞེས་གསུངས།

ལིའུ་ཀྲའོ་ཞོན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་རྩེ་ཚོགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱས་ནས། འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བཅས་བྱེད་འདོད་ཡོད་ཅེས་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།