ལིས་ཧོང་ཀྲུང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞི་སྤྲོད་སྒྲུབ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
2023.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧོང་ཀྲུང་པེ་ཅིང་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞི་སྤྲོད་སྒྲུབ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་རེ་བ་དངོས་འབེབས་བྱས་ཏེ། འཐུས་མི་དང་མི་དམངས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐག་གཅོད་པ་དང་། འཐུས་མི་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ལ། འཐུས་མིའི་གྲོས་གཞི་སྒྲུབ་པ་དང་ཐག་གཅོད་པའི་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་ཇེ་དྲག་ཏུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་གང་ལེགས་སྒོས་མཚོན་པར་བྱེད་དགོས།

ལིས་ཧོང་ཀྲུང་གིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ། འཐུས་མི་རྣམས་ཀྱིས་ཕྱོགས་སོ་སོའི་བྱ་བའི་ཐད་ལ་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་སྟོང་བརྒྱད་དང་སུམ་བརྒྱ་བཅུ་བཞི་བཏོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་འཐུས་མིས་བཏོན་པའི་གྲོས་གཞི་ལ་ནན་ཏན་སྒོས་གསེད་བཀྲོལ་དང་དབྱེ་ཞིབ་བྱས་པ་དང་། ཁྲིམས་ལྟར་སྒྲུབ་འགན་འཁུར་བའི་ལས་ཁུངས་ཉིས་བརྒྱ་དང་བཞི་ལ་སྤྲད་དེ་ཞིབ་འཇུག་ཐག་གཅོད་བྱེད་དུ་བཅུག སྒྲུབ་འགན་འཁུར་བའི་ལས་ཁུངས་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་འཐུས་མིའི་གྲོས་གཞི་སྒྲུབ་ནས། སྤུས་ཚད་མཐོ་བའི་གྲོས་གཞི་དེ་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་དགོས།

ལིས་ཧོང་ཀྲུང་གི་བསྟན་དོན། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། འཐུས་མིའི་གྲོས་གཞི་གྲུབ་པའི་ཕན་འབྲས་རྒྱུན་ཆད་མེད་པ་མཐོར་འདེགས་སུ་གཏོང་དགོས། འཐུས་མི་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱེད་པ། རིགས་བགར་ཇུས་བསྟར་བྱས་ནས་གྲོས་གཞི་སྒྲུབ་པའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ལ། ཉམས་མྱོང་བརྗེ་རེས་དང་གཟེངས་བསྟོད་དང་སྐུལ་མ་གཏོང་བར་ཤུགས་བསྣན་ནས། འཐུས་མིའི་གྲོས་གཞི་སྒྲུབ་པའི་གོ་རིམ་དེ་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་བྱ་བ་ལེགས་སྒྱུར་བྱེད་པའི་གོ་རིམ་དུ་བསྒྱུར་དགོས།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། དེ་མིན་འབྲེལ་ཡོད་ལས་ཁུངས་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས།

                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།