ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཆིན་ཀང་གིས་པེ་ཅིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་དང་འཛུགས་སྐྲུན་བདེ་འཇགས་ལས་དོན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཏིས་ཁ་ལོ་ལ་ཐུག་འཕྲད་བྱས།
ཆིན་ཀང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་ཁྲོད་ཞུགས་ཏེ། བློ་ཐག་རྦད་ཆོད་སྒོས་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱས་ཤིང་། ཧུར་ཐག་སྒོས་མཐུན་སྒྲིལ་མཉམ་ལས་ཀྱི་གྲོས་མགོ་བཏོན་པ་དང་། འཛམ་གླིང་ཡོངས་ལ་སྤྱི་ཐུན་ཐོན་རྫས་འདོན་སྤྲོད་བྱས། ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གཙོ་བོའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་པར་མ་ཟད། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཞིག་ཏུ་འགྱུར་འདོད་ཡོད་ཟེར།
ཏིས་ཁ་ལོ་ཡིས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་ཆད་མེད་པར་ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་བོ་བྱས་ཏེ། མཉམ་དུ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་པར་ཇུས་གཞི་མང་པོ་འདོན་ངེས་ཡིན་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།