མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་སོགས་བྱ་བ་སྤེལ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་དེར་གོ་བ་ལེན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་དང་མཉམ་དུ་སློབ་སྦྱོང་དང་ལག་བསྟར་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་དཔྱད་ཞིབ་ཏུ་བརྩི་བ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་མཐོན་པོ། བྱེད་ཐབས་སྔར་ལས་བཟང་བོར་བརྟེན་ནས། སྲིད་གཞུང་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོར་འཆར་འགོད་བཟང་བོ་བྱེད་པ་དང་རྩ་འཛུགས་བཟང་བོ་བྱེད་པ། ལག་བསྟར་བཟང་བོ་བྱེད་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱིའི་རེ་བ་དང་རྩ་བའི་ལས་འགན། དམིགས་འབེན་གཙོ་བོ། བྱེད་ཐབས་གཙོ་བོར་དམ་དུ་དམིགས་པ། སྲིད་གཞུང་གི་བྱ་བ་དངོས་ལ་ཟུང་འབྲེལ་བྱེད་པ། ཟུང་འབྲེལ་བྱེད་ས་དང་ཤུགས་འདོན་ས་འཚོལ་བ། གཏན་ཁེལ་བྱ་བ་དང་རང་འདེམ་བྱ་བ་མཉམ་དུ་སྒྲུབ་པར་གཅིག་འདོམས་བྱས་ནས། ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་བཟང་བོར་སྒྲུབ་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་བཟང་དུ་གཏོང་དགོས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཟིགས་ཞིབ་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་འབྲེལ་མཐུད་བྱེད་པ་དང་། མཉམ་བསྲེས་བྱེད་པ་དང་གཞི་གཅིག་ཏུ་སྤེལ་བ། སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ། སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣེ་ཁྲིད་དེ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་མིག་དཔེ་བྱེད་པ་དང་ཚད་ཤིང་འཛུགས་པ། མགོ་བཟང་བོ་ཁྲིད་དགོས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་མགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་བྱ་བ་ཡར་ཞུ་བྱེད་པའི་གཏན་ཁེལ་སློབ་སྦྱོང་ནན་མོ་བྱེད་པ། སྣེ་ཁྲིད་དེ་ལག་བསྟར་བྱེད་པ་དང་དཔེ་མཚོན་བརྩི་སྲུང་བྱེད་པ། གོང་རིམ་གྱིས་སྣེ་ཁྲིད་པ། མི་སྒེར་གྱི་འབྲེལ་ཡོད་བྱ་བ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱས་ནས། རང་རྟོགས་སྒོས་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་ཐད་ཀྱི་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པ་གཙོ་ཐིག་ཏུ་བྱེད་པ། བརྗོད་དོན་སློབ་གསོ་དང་འབྲེལ་མཐུད་བྱེད་པ། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ། བྱ་བའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། རྟོག་ཞིབ་བྱེད་ཐབས་ལེགས་སྒྱུར་བྱེད་པ། གནད་དོན་ཐག་གཅོད་པར་ཞིབ་འཇུག་བྱེད་པ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་པ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ལག་བསྟར་བྱེད་པ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བཟང་བོར་སྤེལ་བ། ནགས་རྩྭའི་ཐོན་ཁུངས་སྤུས་ཚད་དང་རྩོལ་ནུས་རྒྱུན་མ་ཆད་པར་ལེགས་སྒྱུར་བྱེད་པ་དང་མཐོར་འདེགས་སུ་བཏང་ནས། མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ། ལས་འགན་གཙོ་བོ་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། ལག་བསྟར་བྱེད་མཁན་དང་དངོས་གཉེར་པ་བྱེད་པ། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། དག་གཙང་སྲིད་གཞུང་། ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱས་ཏེ། མགོ་ཚུགས་ས་གསར་བའི་སྟེང་བྱ་བ་སྣ་ཚོགས་ཀྱི་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།