ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། དབྱང་ཧྥིན་ཁྲོན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིའི་གྲོས་དོན་དང་ཚོགས་པའི་དུས་ཚོད་སྐོར་གྱི་ཡར་ཞུ་ལ་ཉན། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཡར་སྐུལ་སྲོལ་ཡིག་འཆར་ཟིན། ཟི་ལིང་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་བྱས་ནས་བཀོལ་སྤྱོད་བྱེད་པའི་སྲོལ་ཡིག་འཆར་ཟིན། ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་འཆར་ཟིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་སྟེང་མཚོ་བྱང་བོད་རིགས་རང་སྐྱོང་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་མཚམས་འཇོག་པའི་སྐོར་གྱི་གཏན་འཁེལ། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མི་ཡི་ཞིབ་དཔྱོད་བྱ་བའི་གནས་ཚུལ་གྱི་སྙན་ཞུ་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་དང་མི་དོན་བསྐོ་འཐེན་དོན་དག་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་སོགས་ལ་རིམ་པ་བཞིན་ཉན།
གྲོས་ཚོགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྐྲུན་པའི་གནས་ཚུལ་ལ་ཆེད་དོན་ཞིབ་འདྲི་བྱེད་པའི་བྱ་བའི་ཇུས་གཞི་དང་གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག་འཛུགས་སྐྲུན་བྱས་ཏེ་ཚད་གཞི་དང་སྤུས་ཚད། ཕན་ནུས་བཅས་མཐོར་འདེགས་སུ་གཏོང་བའི་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་ལ་གྲོས་བསྡུར་བྱས། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་ཞིབ་བསམ་འཆར་དང་ཇུས་གཞི་ལ་འཐད་པ་བྱུང་སྟེ། གྲོས་ཞིབ་བསམ་འཆར་དེ་ཁྲིམས་བཀོད་གོ་རིམ་ལྟར་སྒྲུབ་པ་དང་ཇུས་གཞི་འགྲེམ་སྤེལ་བྱས་ནས་ལག་བསྟར་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།