ལིའུ་ཐུང་ཏི་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བྱ་བའི་ཆེད་ཚན་གྱི་གྲོས་ཚོགས་ལ་ཞུགས།
2023.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བྱ་བའི་ཆེད་ཚན་གྱི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཁྲིམས་འཛུགས་ཀྱི་དཀའ་གནད་དང་གནད་དོན་གཙོ་བོར་ཞིབ་འཇུག་བྱས་པ་དང་། ཁྲིམས་སྲོལ་འཆར་ཟིན་གྱི་མ་ཟིན་འབྲི་བའི་བྱ་བར་བཀོད་སྒྲིག་བྱས།

ལིའུ་ཐུང་ཏི་ཡིས་བསྟན་དོན། ཡང་དག་པའི་སྒོ་ནས་ཁྲིམས་སྲོལ་གསར་བའི་གཏན་འབེབས་དང་གོང་གནས་བཅའ་ཁྲིམས་ཀྱི་གཏན་འཁེལ། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག དེ་མིན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་གྱི་གནས་དམ་འཛིན་བྱེད་པར་དོ་སྣང་དང་ཁྲིམས་མཐུན་རང་བཞིན་གཏན་སྲུང་དང་གཅིག་འདོམས་རང་བཞིན་རྒྱུན་འཁྱོངས་སྒོས་མཐུན་སྦྱོར་རང་བཞིན་དང་སྔོན་དཔག་རང་བཞིན་གནད་དུ་འཛིན་དགོས། ཟོལ་མེད་ཀྱིས་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཁྲིམས་སྲོལ་བཟང་བོ་བཙུགས་ནས་སྐྱོང་མཁས་ལ་འགན་སྲུང་བྱེད་པ་དང་། དྲང་བདེན་འབུར་ཐོན་དུ་བཟུང་ནས་ཧུར་ཐག་སྒོས་ཁྲིམས་འཛུགས་ཀྱི་ཆེས་ཆེ་བའི་ཚད་འཚོལ་ཞིབ་བྱེད་དགོས་ལ། ཉིང་བསྡུས་འབུར་ཐོན་དུ་བཟུང་ནས་ཤུགས་ཆེན་པོས་རྙོག་འཛིང་ཅན་སྟབས་བདེ་རུ་གཏོང་དགོས། ཡང་དག་འབུར་ཐོན་དུ་བཟུང་ནས་རིགས་འདེགས་དང་ཞིབ་བཤེར་གྱི་ཉམས་སད་ཐེག་པར་འགན་སྲུང་བྱེད་དགོས་པ་དང་། གཏིང་ཟབ་འབུར་ཐོན་དུ་བཟུང་ནས་སྐྱེ་ཁམས་རིག་གནས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བྱ་བ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་དང་དུས་ཚོད་དམ་འཛིན། སྤུས་ཚད་དང་ཕན་ནུས་མཐོ་བའི་སྒོ་ནས་ལས་འགན་ཡོངས་འགྲུབ་བྱེད་དགོས། ལངས་གནས་མཐོར་འདེགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ། གཅིག་འདོམས་འཆར་འགོད་ལ་དོ་སྣང་བྱས་ཏེ། ཏང་ཨུས་མགོ་ཁྲིད་པ་དང་དམངས་ཆེན་གྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་གཞོགས་འདེགས་བྱེད་པ། ཕྱོགས་སོ་སོ་ཟབ་ཞུགས་བཅས་བྱེད་པའི་རེ་བ་དེ་ཁྲིམས་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་བྱེད་དགོས། སློབ་སྦྱོང་ལ་ཤུགས་སྣོན་དང་གྲུབ་འབྲས་ལེགས་སྒྱུར་ལ་དོ་སྣང་བྱས་ནས། འཆར་ཟིན་གྱི་གཏན་ཚིགས་གྲུབ་ཚུལ་གཟབ་ནན་དང་དོན་ཚན་གྱི་རྒྱས་བརྗོད་ཚན་རིག་དང་མཐུན་པ། ཁྲིམས་འཛུགས་ལག་རྩལ་གྱི་ཁྱབ་ཁོངས་དང་འཚམ་པ་བཅས་ལ་འགན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཁུངས་སྒྲུབ་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་ཚོད་འཛིན་ལ་དོ་སྣང་དང་། ཁྲིམས་སྲོལ་རྐང་ཚུགས་པ་དང་ལག་བསྟར་བྱེད་ཐུབ་པ། ནུས་པ་ཐོན་པ་བཅས་ལ་འགན་སྲུང་བྱེད་དགོས། འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་བ་དང་ནུས་པ་གང་ཡོད་བཏོན་ནས་མ་ལག་གྲུབ་པར་དོ་སྣང་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།