ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས《2023ལོ་ནས2027ལོའི་བར་གྱི་ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་བྱ་བའི་འཆར་འགོད་རྩ་གནད》པར་སྐྲུན་འགྲེམས་སྤེལ་བྱས་ཏེ། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོ་ལས་བསྟན་དོན། 《འཆར་འགོད་རྩ་གནད》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མ་འོངས་པའི་ལོ་ལྔ་ཡི་རིང་ལ། ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ལས་དོན་ཐད་རྩེ་རིམ་ཇུས་འགོད་བྱེད་རྒྱུ་དེ་ནི། མགོ་རྩོམ་ས་གསར་པའི་སྟེང་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན། 《འཆར་འགོད་རྩ་གནད》བཟོས་པ་དང་ལག་བསྟར་བྱས་པ་དེས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ལས་འགན་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
བརྡ་ཐོ་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། 《འཆར་འགོད་རྩ་གནད》དོན་འཁྱོལ་ཐད་འགན་ལེན་བྱེད་དགོས།
《འཆར་འགོད་རྩ་གནད》དེ་ཁག་ལྔ་ལ་དབྱེ་ཡོད་ཅིང་། དང་པོ། “སྲུང་སྐྱོང་གཉིས”ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས་པ་དང་། གཉིས་པ། ཏང་གི་མགོ་ཁྲིད་ཁྲིམས་སྲོལ་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བར་བརྟེན་ནས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་ཡོང་བར་འགན་ལེན་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་པ། ཏང་གི་རྩ་འཛུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བར་བརྟེན་ནས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། བཞི་པ། ཏང་གི་རང་ངོས་འཛུགས་སྐྲུན་གྱི་ཁྲིམས་སྲོལ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བར་བརྟེན་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས་པ། ལྔ་བ། ཏང་གི་ལྟ་སྐུལ་འགན་སྲུང་གི་ཁྲིམས་སྲོལ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བར་བརྟེན་ནས། ཏང་ཡོན་ལས་བྱེད་པས་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ལས་སྒྲུབ་ལས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།