ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་སྔ་རྗེས་སུ་ཧ་མུའུ་ལྕགས་ལམ་ཀུང་ཟིའི་མུ་རི་མེ་འཁོར་ས་ཚིགས་དང་ཅོག་རྒན་གཏེར་ཁྲོན་གསུམ་པ་དང་ལྔ་པར་སོང་ནས་འཛུགས་སྐྲུན་དངོས་པོ་བཤིག་པ་དང་རྩྭ་འདེབས་ལྗང་སྒྱུར་ཁུལ་གྱི་ཕྱུགས་འཚོའི་བེད་སྤྱོད་དང་གསབ་འདེབས་གསབ་འཛུགས་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་མཐུན་སྦྱོར་ཚོགས་འདུ་བསྡུས་པ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་ཏེ། འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་བ་དང་2023ལོའི་བྱ་བ་གཙོ་བོའི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ལིའུ་ཐའོ་ཡིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཐེངས་མང་པོར་བཀོད་སྒྲིག་དང་རེ་བ་བཏོན་ནས་འབྲེལ་ཡོད་ས་གནས་སྡེ་ཁག་གིས་གནད་དོན་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་དོན་དངོས་ལ་རྐང་འཛུགས་པ། སེམས་ཤུགས་མཉམ་སྒྲིལ། དཀའ་གནད་ཁྱད་སེལ་བྱས་ཏེ་བྱ་བ་མང་པོ་བསྒྲུབས་ཤིང་གྲུབ་འབྲས་མི་དམན་པ་བླངས།
ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་མཇུག་སྒྲིལ་བའི་ལོ་དང་གནད་འགག་གི་ལོ། ཆེས་མཐའ་མཇུག་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ལོ་བཅས་ཡིན་པས། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ། དབུགས་ངལ་གསོ་བའི་བསམ་བློ་གཏན་འགོག་བྱེད་པ་དང་། མགོ་ཡོད་མཇུག་ཡོད་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམ་འཛིན་མཐར་ཕྱིན་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྤྱི་ཡོངས་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་ས་གནས་སྡེ་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་གཙོ་གནད་ལས་འགན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། གནད་དོན་ས་ཁྲའི་ཨང་རྟགས་གཙང་སེལ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་གཏེར་ཁུལ་གྱི་ས་ངོས་འཛུགས་སྐྲུན་དངོས་པོ་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། རིགས་དབྱེ་ཐག་གཅོད་ཇུས་གཞི་བཟོ་བ། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཞིབ་འཇུག་ལ་ཤུགས་སྣོན་པ། དཔྱད་དཔོག་བྱ་བ་ཁྱོན་ཡོངས་ནས་སྤེལ་བ། ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ། དུས་བཀག་ལྟར་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་དགོས།
ཤ་བོ་གསེར་མཚོས་བསྒྱུར།