ཟླ་བཞི་པའི་ཚེས་བཅུ་དགུ་ཉིན་ཏེ་སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་དང་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོ་དང་ཞིང་ཆེན་ལྟེ་གནས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་མི་སྣའི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུས།
ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོ་རུ་པད་ཁོ་དང་དབྱང་ཀྲི་ཝུན་གཉིས་ཀྱིས་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སོགས་དང་བརྗེ་རེས་བྱས་པ་དང་། ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཏུང་ཀོན་དབྱི་སི་ལན་ཆོས་ཁང་ཆེན་མོས་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆོས་དད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་ཚོར་བ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་ཏན་ཏིག་གིས་སྤེལ་ཏེ་མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་དར་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅས་ཀྱི་བྱ་འགུལ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་སྤེལ་བར་སྐུལ་འདེད་བཏང་སྟེ་མི་རིགས་འགྲིག་མཐུན་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།