ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་སྐུལ་སློང་གཏམ་བཤད་སྤེལ་ཏེ་བསྟན་དོན། ཕྱོགས་ཡོངས་དང་གོ་རིམ་ལྡན་པར་སློབ་སྦྱོང་བཟང་བོ་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཕན་འབྲས་ངོ་མ་ཐོབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་བར་སྣེ་ཁྲིད་བཟང་བོ་བྱེད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་པ། ཚད་ཤིང་འཛུགས་དགོས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་མཐོ་སྒང་གི་ས་གཞི་ཀུན་ཏུ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་འཛིན་གྲྭ་འཚོགས་མགོ་བརྩམས་པའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཞི་བ་དང་ཀོང་ཏུང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མགོ་ཁྲིད་དེ་སློབ་སྦྱོང་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་བཅུ་བཞི་བའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་མཛད་སྒོར་ཞུགས།
ཁྲིན་ཀང་གིས་བསྟན་དོན། སློབ་སྦྱོང་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བའི་རྨང་གཞི་དང་གཞི་འཛིན་ས་ཡིན་ལ། དུས་རབས་འཕེལ་རྒྱས་ཀྱི་དགོས་ངེས་རེ་བ་ཡིན་པ་དང་། ནུས་པ་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གཙོ་བོ་ཡང་ཡིན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ནི་དགོངས་དོན་སློབ་པ་དང་། སྙིང་སྟོབས་ཆེ་རུ་བསྐྱེད་པ། བྱ་བར་ཤུགས་རྒྱག་པ། འཕེལ་རྒྱས་ལ་ནུས་ཤུགས་སྩོལ་བའི་ཐོབ་དཀའ་བའི་གོ་སྐབས་ཡིན། ཐུན་མོང་གི་སློབ་སྦྱོང་དང་བསམ་གཞིགས་ནན་མོ་གཏོང་བ། བརྗེ་རེས་དང་བགློ་གླེང་བྱས་པ་བརྒྱུད་དེ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གནད་ས་སློབ་སྦྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ། ཅི་ཞིག་སྒྲུབ་ན་དེ་གཙོར་བཟུང་ནས་སློབ་སྦྱོང་བྱེད་པ་དང་ཅི་ཞིག་ཆད་ན་དེ་གཙོར་བཟུང་ནས་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་གི་དམིགས་སའི་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཧུར་ཐག་སྒོས་སློབ་སྦྱོང་གི་ཕན་ནུས་མཐོར་འདེགས་སུ་བཏང་སྟེ། ཞིང་ཆེན་ཡོངས་སུ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་དགོས།
ཁྲིན་ཀང་གིས་བསྟན་དོན། དཔེ་ཀློག་སློབ་སྦྱོང་བྱེད་སྐབས་དམིགས་འབེན་དང་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རིགས་གཞུང་སློབ་སྦྱོང་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་འཇོག་པར་མ་ཟད་བྱ་བའི་མགོ་མཇུག་བར་གསུམ་དུ་འདྲེས་པར་བྱེད་པ་དང་། སྣེ་ཁྲིད་དེ་མ་རྩོམ་ཀློག་པ་དང་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པར་གོ་བ་ཟབ་མོ་ལེན་པ། དངོས་གཉེར་སྒོས་ཞིབ་འཇུག་ཟབ་མོ་བྱེད་པ་དང་ཀུན་ལ་ཤེས་སུ་འཇུག་དགོས་ལ། ཉིང་བཅུད་ཁོང་དུ་ཆུད་པར་བྱེད་པ་དང་དོན་སྙིང་གསལ་བོར་རྟོགས་པར་བྱེད་དགོས། སློབ་སྦྱོང་བྱེད་ཀྱིན་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སློབ་སྦྱོང་བྱེད་ཀྱིན་དུ་བཀོལ་སྤྱོད་བྱེད་པ། སློབ་སྦྱོང་བྱེད་ཀྱིན་དུ་ལག་ལེན་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དུ་འགྲོ་བ་དང་བསམ་ཕྱོགས་ཡངས་པར་བྱེད་པ། བྱ་བར་ཕན་འབྲས་ཐོབ་པ། སྒྲིག་ལམ་ཇེ་དམ་དུ་འགྱུར་བ། སྤྱོད་ཚུལ་ལེགས་པར་ཡོང་བ་བཅས་ཀྱི་རིགས་གཞུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དཔེ་ཀློག་སློབ་སྦྱོང་བྱེད་སྐབས་མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཏང་གི་ལྟེ་གནས་ལས་འགན་དང་དམ་པོར་སྦྲེལ་བ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་དང་དམ་པོར་སྦྲེལ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཐབས་ལམ་དང་དམ་པོར་སྦྲེལ་ནས། ནམ་ཡང་འདོར་ཐབས་མེད་པའི་འགན་འཁྲིའི་བསམ་པ་དང་ཧུར་ཐག་སྒོས་བྱ་སྤྱོད་ཁག་ཁུར་བྱེད་པའི་སྤོབས་སེམས་བཅངས་ཏེ། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་དང་ལས་འགན་ལག་བསྟར་བཟང་བོ་བྱེད་པ་དང་། བརྗོད་དོན་སློབ་གསོ་ལས་འཕེལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས་ལ། དཔེ་ཀློག་སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས། བྱ་བར་མགོ་ཁྲིད་པའི་ནུས་ཤུགས་བཅས་སུ་བསྒྱུར་དགོས་པར་མ་ཟད། འགན་ལེན་ཁག་ཁུར་དང་དམ་འཛིན་དངོས་སྒྲུབ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། དུས་ཚོད་དམ་འཛིན་བྱེད་པ་དང་སེམས་ལྷོད་ལ་བབས་ནས་སློབ་སྦྱོང་བྱེད་པ། ངེས་པར་དུ་སློབ་དགོས་པའི་དཔེ་ཆ་ཀློག་པ། དཔེ་ཆ་བཟང་བོ་གདམ་ནས་སློབ་སྦྱོང་བྱེད་པ། ཆེད་དོན་ཟུར་ཁྲིད་ལ་ནན་ཏན་སྒོས་ཉན་པ་དང་ཧུར་ཐག་སྒོས་བགྲོ་གླེང་བརྗེ་རེས་ཁྲོད་ཞུགས་པ། ཡུལ་དངོས་ནས་སློབ་གསོ་དང་ལེན་བྱེད་པ། སློབ་སྦྱོང་བྱས་ནས་གསལ་བོར་རྟོགས་པར་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། གོ་དོན་མཐིལ་རྟོགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས། དེ་མིན་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་དང་མཉམ་བསྲེས་བྱེད་དགོས། སྦྱངས་པ་གོ་ཆོད་པ་དང་སེམས་རྣལ་དུ་ཕབ་ནས་བྱ་བ་སྒྲུབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རང་ཞིང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་དང་ཏང་གི་འཛུགས་སྐྲུན་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་བྱ་བའི་བསམ་ཕྱོགས་དང་བྱེ་བྲག་གི་དངོས་འབེབས་བྱ་བ། དོན་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་དེ་མཚོ་སྔོན་གྱི་ས་གཞི་ཀུན་དུ་དངོས་འབེབས་བཟང་བོ་བྱེད་དགོས།
ཀྲུང་དབྱང་་མཛུབ་སྟོན་ཚན་ཁག་བཅུ་བཞི་པའི་ཁོངས་མི་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སོ་སོ་བཅས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།