ཞི་ཅིན་ཕིང་གིས་ཏིས་ཡ་ཟི-ཁ་ནེ་ཨར་ཡང་བསྐྱར་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2023.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་ཟི-ཁ་ནེ་ཨར་ལ་གློག་འཕྲིན་བཏང་ནས། ཁོང་ཡང་བསྐྱར་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཁོར་རྒྱུག་ཐུབ་པ་བྱུང་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ཡོད། ན་ནིང་གི་ཟླ་བཅུ་གཅིག་པའི་ནང་དུ། ཀྲུའུ་ཞི་ཏིས་ཡ་ཟི-ཁ་ནེ་ཨར་གྱིས་ཀྲུང་གོར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་གནང་བ་བརྒྱུད། ང་ཚོའི་བར་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་དམིགས་བསལ་མཛའ་མཐུན་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ངས་ཀྲུའུ་ཞི་ཏིས་ཡ་ཟི·ཁ་ནེ་ཨར་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་བསྣན་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།