ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི“འཛམ་གླིང་མཇལ་མོལ་ཁང་ཆེན་མོ”རུ་གཉེར་བའི། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཛམ་གླིང”ཞེས་པའི་ལན་ཐིན་གླེང་སྟེགས་ལ་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ཚུན་དུ་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་ཀྱིན་པའི་ཕུགས་འདུན་ཡིན་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཡོངས་ཀྱི་འཚོལ་སྙེག་ཀྱང་ཡིན། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་བརྩི་སྲུང་ཞུ་དགོས་ལ། རང་རྒྱལ་ཁབ་ཀྱི་དོན་དངོས་དང་སྔར་ལས་འཚམ་མཐུན་ཡོང་བར་བྱེད་དགོས་པར་མ་ཟད། དེར་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ཀྱང་ཡོད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་དཀའ་སྤྱད་འཚོལ་ཞིབ་བྱས་པ་བརྒྱུད། གཞི་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྙེད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས། འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་འབད་པས་བསྐྲུན་ཏེ། མིའི་རིགས་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་དང་སྤྱི་ཚོགས་ཀྱི་ལམ་ལུགས་སྔར་ལས་ལེགས་པའི་སྒོ་ནས་འཚོལ་ཞིབ་བྱེད་ཆེད་རོགས་སྐྱོར་གསར་པ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།