ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ནས་ཡོང་བའི་མི་དོན་ཁྲུའུ་ཀྲང་བཅུ་དྲུག་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། ལས་བྱེད་པའི་བྱ་བ་ནན་ཏན་སྒོས་སྒྲུབ་པ། ཕུལ་དུ་བྱུང་བའི་ལས་བྱེད་པ་མཐོང་བར་བྱས་ནས། སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་ཤུགས་ཆེར་གཏོང་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྟན་སྲུང་བྱེད་པ་དང་། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་འགན་སྒྲུབ་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལྟ་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། དུས་ཐོག་ཏུ་བསྡུ་ལེན་བྱས་པའི་བསམ་ཚུལ་བརྟག་བཤེར་ཞིབ་འཇུག་ལ་བསྒྱུར་བ་དང་དག་ཐེར་ལེགས་བཅོས་ལ་གཟིགས་ཞིབ་བྱེད་པའི་གནད་དོན་གྱི་གསལ་ཁྲ་རུ་བསྒྱུར་དགོས། རིགས་བགར་ནས་དག་ཐེར་ལེགས་བཅོས་བྱེད་པའི་གྲུབ་འབྲས་ལ་ཤུགས་སྣོན་པ་དང་། ཉིན་རྒྱུན་དུ་འབད་འཐབ་བྱེད་པ། མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ་དང་བྱ་བའི་ལག་ལེན་ཁྲོད་མཛུབ་སྟོན་ཞབས་ཞུ་ལ་ཤུགས་བསྣན་ནས། མི་དོན་ཁྲུའུ་ཀྲང་གིས་འགན་སྒྲུབ་བྱེད་པའི་ཐད་ཁོར་ཡུག་བཟང་བོ་དང་ཕན་ལྡན་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་གིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་ཁུངས་བཅོས་སྒྱུར་དང་ལས་བྱེད་པའི་བྱ་བ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་བརྒལ་གཏོར་བྱེད་ས་འཚོལ་བ། དཀའ་གནད་ཐག་གཅོད་པའི་བྱེད་ཐབས་ཕྱིར་བཏོན་ནས། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་བརྩོན་ལེན་བྱེད་དགོས།
ཚོགས་ཐོག་ནས། གླེང་མོལ་ལམ་ལུགས་སྔར་ལས་ལག་བསྟར་ནན་མོ་བྱེད་པ་དང་། གླེང་མོལ་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང་གླེང་མོལ་གྱི་ནང་དོན་ཕུན་སུམ་ཚོགས་པར་བྱེད་པ། གླེང་མོལ་གྱི་ཕན་འབྲས་ཇེ་ཆེར་བཏང་ནས། མི་དོན་ཁྲུའུ་ཀྲང་གི་བསམ་བློ་ཆབ་སྲིད་དང་བྱ་བའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་གི་ལས་འཁུར་གསོ་སྦྱོང་དང་ལས་སྒོ་སྲིད་ཇུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། དགོས་མཁོ་ཁྲིད་ཕྱོགས་སུ་བྱེད་པ། གསོ་སྦྱོང་བསླབ་ཚན་དང་ནང་དོན། རྣམ་པར་ཇུས་འགོད་བཟང་བོ་བྱས་ནས། མི་དོན་ཁྲུའུ་ཀྲང་གི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་བྱ་བ་བཟང་བོར་བསྒྲུབ་ཆེད་སྟེགས་བུ་འཛུགས་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་གི་དོ་དམ་བྱེད་ཐབས་ལག་བསྟར་སྔར་ལས་བཟང་བོ་བྱེད་ན། ལས་ཁུངས་སོ་སོའི་ཏང་ཙུའུ་ཡིས་བྱེད་ཐབས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དོན་ཁྲུའུ་ཀྲང་དཔུང་སྡེའི་དོ་དམ་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ། རང་སྡེ་ཁག་གི་བྱ་བ་དངོས་ལ་ཟུང་འབྲེལ་བྱེད་པ། བྱ་བའི་བྱེད་ཐབས་བཟང་བོ་ཕྱིར་འདོན་པ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། བྱེད་ཐབས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།