ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་བརྗོད་དོན་སློབ་གསོ་དཔེ་ཀློག་འཛིན་གྲྭ་མཚོ་བྱང་ཁུལ་གྱི་རྡུལ་ཕྲན་མཁར་དུ་སོང་ནས་ཏང་གཤིས་སློབ་གསོ་སྤེལ།
2023.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 157

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དཔེ་ཀློག་འཛིན་གྲྭ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྡུལ་ཕྲན་མཁར་དུ་སོང་ནས་ཏང་གཤིས་སློབ་གསོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གཉིས་ཏང་གཤིས་སློབ་གསོར་ཞུགས།

རྡུལ་ཕྲན་མཁར་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་དུ་ཡོད་ལ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་བྱས་པའི་རྟེན་གཞིའི་གནས་རྙིང་ཡིན་པ་དང་། དེ་ནས་རང་རྒྱལ་གྱི་ཉིང་རྡུལ་འབར་མདེལ་དང་པོ་དང་ཉིང་རྡུལ་ཚ་བའི་མཚོན་ཆ་དང་པོ་ཞིབ་བཟོ་བྱས་པས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་གྲུབ་པར་བྱས་པ་རེད། ཏང་གཤིས་སློབ་གསོ་སྤེལ་སྐབས། དཔེ་ཀློག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་ལ་ལྟ་ཞིབ་བྱས་ཏེ། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་ཉིང་རྡུལ་ནུས་པའི་བཟོ་ལས་ཀྱི་གསར་སྐྲུན་དང་འཕེལ་རྒྱས་བརྒྱུད་རིམ་དང་རྡུལ་ཕྲན་མཁར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་རྒྱུས་ལོན་ཟབ་མོ་བྱས། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་དཔེ་ཀློག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ནམ་ཡང་དར་སྤེལ་བྱེད་ཅེས་པའི་སྒྲོག་འགྲེལ་སྙན་ཞུ་ལ་བལྟས་རྗེས། མདེལ་གཉིས་གསར་བཟོའི་ཐད་བྱས་རྗེས་འཇོག་མཁན་དང་ཚན་ཞིབ་མི་སྣ། ལག་རྩལ་བཟོ་བ། ལས་བྱེད་པ་དང་ལས་བཟོ་བ། མི་དམངས་བཅིངས་འགྲོལ་དམག་བཅས་ཀྱིས་གསེར་དངུལ་ཐང་དུ་ཀྲུང་ཧྭའི་ཉིང་རྡུལ་མཚོན་ཆ་གསར་བཟོ་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་ཉམས་སུ་མྱངས་པ་དང་། དེའི་རྗེས་སུ་ཕུགས་སེམས་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར་གྱི་བརྗོད་བྱ་གཙོ་བོར་དམིགས་པ་དང་རང་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོས་བསྡུར་གཏམ་བཤད་སྤེལ།

ཚང་མས་བཤད་རྒྱུར། མེས་རྒྱལ་ལ་དགའ་ཞེན་ཆེ་ཞིང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པ་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། རོགས་ལས་དམ་ཟབ་བྱེད་པ། སྤོབས་པ་ཆེན་པོས་རྩེ་རུ་སྙེག་པ་ནང་དོན་གཙོ་བོ་ཡིན་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་ཡིན་པ་དང་། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྒུལ་ཤུགས་ཆེན་པོ་ཡིན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་ཕུགས་བསམ་དང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བརྗོད་དོན་སློབ་གསོའི་ཁྲོད་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངར་ཤུགས་དང་སྟོབས་ཤུགས་ཆེར་བསྐྱེད་པར་མ་ཟད། འགན་འཁྲི་ཁག་ཁུར་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་སོགས་དཔེ་ཀློག་འཛིན་གྲྭའི་སློབ་མ་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་བཅུ་བཞི་པའི་ཁོངས་མི་ཁ་ཤས་བཅས་ཏང་གཤིས་སློབ་གསོར་ཞུགས།

                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།