ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱས་ནས་དགོངས་པའི་ཟིལ་ཤུགས་ཚོར་བར་བྱེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།
2023.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 105

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་འདི་གོ་སྐབས་སུ་བརྩིས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་སྟེང་དུ་སེམས་ནུས་ཡོད་ཚད་གཅིག་སྡུད་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ། གོ་རིམ་ལྡན་པའི་ངང་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བརྗོད་དོན་སློབ་གསོའི་ཁྲོད་དུ་བསམ་བློའི་ཟིལ་ཤུགས་ཚོར་དུ་འཇུག་རྒྱུ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་གསུངས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། བརྗོད་དོན་སློབ་གསོ་དང་སློབ་སྦྱོང་གི་དཔྱད་ཡིག་ཞིབ་ཀློག་ནན་ཏན་བྱེད་རྒྱུ་དང་། རང་སྡེ་ཁག་དང་རང་ལས་ཁུངས་ཀྱི་ལས་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས། གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་།“གྲོས་ཚོགས་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། རྩ་འཛུགས་བྱས་ཏེ་གཞི་རིམ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱད་དེ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་དང་བདེན་པ་བདེན་ཐུབ་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

རིག་གནས་དང་ཡུལ་སྐོར་པུའུ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་རིམ་པ་མང་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས་གཞུང་ལུགས་སློབ་སྦྱོང་ཐད་རྩ་འཛུགས་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མ་རྩོམ་ལ་སློབ་སྦྱོང་དང་མ་ཡིག་རྟོགས་ཐབས་བྱེད་པའི་རྩ་བའི་ཆོས་ཉིད་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རིག་གནས་ཀྱི་གདེང་ཚོད་བརྟན་པོར་བརྟེན་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྣང་གསར་པ་བསྐྲུན།

ཕྱི་འབྲེལ་པུའུ་དང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་། ལུས་རྩལ་སྤྱི་ཁྱབ་ཅུའུ། རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་སོགས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པར་བརྟེན་ནས་བློ་སེམས་བསྐྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས།

 སློབ་གསོ་པུའུ་དང་ཚན་རྩལ་པུའུ། ཁྲིམས་འཛིན་པུའུ་སོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ། སྦྱངས་པ་གོ་ཆོད་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་ལ་ཆབ་སྲིད་ཀྱི་ངོས་ནས་ཁས་ལེན་ཐོབ་པར་བྱེད་པ་དང་བསམ་བློའི་སྟེང་ནས་ཁས་ལེན་ཐོབ་པར་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་སྟེང་ནས་ཁས་ལེན་ཐོབ་པར་བྱེད་པ། བརྩེ་སེམས་ཀྱི་ངོས་ནས་ཁས་ལེན་ཐོབ་པར་བྱེད་པ་བཅས་ཡོང་བར་ཁྲིད་སྟོན་གང་ལེགས་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་ལ་གསེད་བཀྲོལ་ཆེན་པོ་བྱས་པ་དང་། དཀའ་གནད་ལ་གྲལ་བཤེར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་སུམ་གྱིས་ཇེ་མཐོར་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།