རང་ཞིང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། དམིགས་འབེན་རེ་བ་གཙིགས་སུ་བཟུང་བ་དང་། རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་བྱ་བའི་གྲོས་ཚོགས་བསྡུས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས། ཚོགས་ཐོག་ཏུ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ནས།  གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཆུང་ས་གཙོར་བཟུང་ནས་དོན་དག་ཆེན་པོ་ཐག་གཅོད་ཐུབ་པར་བྱེད་དགོས། འབད་འཐབ་ལྷོད་མེད་དང་བདེན་འཛིན་དངོས་གཉེར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་བྱས་རྗེས་བསྐྲུན་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། དངོས་སུ་དོ་དམ་ནན་མོ་བྱེད་པ་དང་དོ་དམ་ནན་མོ་བྱེད་ཕོད་པར་བྱེད་པ། ཡུན་རིང་བོར་དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འབུར་ཐོན་གནད་དོན་ཐག་གཅོད་པ་དང་། ནོར་འཁྲུལ་གྱི་གསལ་ཁྲ་འཛུགས་པ་དང་རྒྱུགས་ལན་མཛོད་འཐུས་ཚང་དུ་བཏང་སྟེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བློ་སེམས་གཅིག་ཏུ་བསྒྲིལ་བ་དང་བླ་སྲོག་བསྐྲུན་པའི་གཞི་རྩ་དང་མཚོན་བྱེད་གསུམ་གྱི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་པའི་ཕན་འབྲས་སྟེང་མངོན་པར་བྱེད་པ་དང་། རང་གཤིས་སྦྱོང་བརྡར་དང་སྔར་ལས་བློ་དཀར་བར་བྱེད་པ་དང་རྒྱུན་འཁྱོངས་ལྔ་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཀྱི་སྟེང་མངོན་པར་བྱེད་པ། དངོས་གཉེར་ཁག་ཁུར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཇུས་འདོམས་པུའུ་དང་བློ་འདོན་ཚོགས་པ། མཚོན་རྟགས་བཅས་བྱེད་པའི་ལག་ལེན་དངོས་ཀྱི་སྟེང་མངོན་པར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྐུལ་སློང་བཀོད་སྒྲིག་བྱེད་སྐབས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་གནད་འགག་གི་ལས་ཁུངས་དང་སྔོན་སྐྱོད་དཔུང་སྡེ་ཡིན་པའི་ཆ་ནས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་དམིགས་འབེན་ལས་འགན་གཙིགས་སུ་བཟུང་བ་དང་། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་ཐད་ནས་གྲུབ་འབྲས་ལེན་པ། འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱེད་པ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་གཟབ་ནན་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་ནས་གོ་ཆོད་པར་བྱེད་དགོས། འབུར་ཐོན་གནད་དོན་ཐག་གཅོད་པ་དང་། གཞུང་སྒྲུབ་ཐིན་གྱི་ཞབས་ཞུ་གསུམ་གྱི་འགན་ནུས་ལ་ཟུང་འབྲེལ་བྱེད་པ། གནད་དོན་ཡོངས་སུ་ཚང་བ་དང་ཡང་དག་པར་འཚོལ་བ། འབྱུང་རྩར་བརྟག་དཔྱད་ནན་མོ་བྱས་ཏེ། གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། མཉམ་འདྲེས་མཉམ་སྐུལ་ལ་དོ་སྣང་བྱེད་པ། ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཐིན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་གཟབ་ནན་ཏུ་བསྒྱུར་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་བཟང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གི་བརྗོད་དོན་སློབ་གསོ་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་རུ་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་དང་པོ་བཟང་བོར་བསྒྱུར་བར་འབད་བརྩོན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་ཡོན་ལས་བྱེད་པས་ཅིའི་ཕྱིར་གྱི་གནད་དོན་ལ་ལན་་གསལ་བོ་འདེབས་པ་དང་། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་དེ་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་གནད་འགག་གི་བྱེད་ཐབས་སུ་བརྩི་བ་དང་། ཐོས་བསམ་སྤྱོད་རྟོགས་ཀྱི་ཁྲོད་དུ་ཕུགས་འདུན་ཡིད་རྟོན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་སྙིང་སྟོབས་དང་གཞན་གྱིས་སྒྲུབ་མི་ཐུབ་པ་སྒྲུབ་ཕོད་པའི་ངར་སེམས། ཡར་རྒྱས་གོང་འཕེལ་དུ་གཏོང་བའི་གསོན་ཤུགས་བཅས་རྒྱུན་མ་ཆད་པར་ཆེ་རུ་བསྐྱེད་དགོས། ཅི་ཞིག་དམ་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱེད་ན། བརྗོད་དོན་སློབ་གསོའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པའི་ཐད་ནས་གྲུབ་འབྲས་ལེན་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པའི་ཐད་ནས་འགུལ་སྐྱོད་བྱེད་པ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ཐད་ནས་བྱེད་ཐབས་བཟང་བོ་སྤྱད་དེ། བསམ་བློ་དྲིལ་སྒྲོག་བྱ་བའི་དར་སྲོལ་གསར་བ་གྲུབ་པ་དང་སྤུས་ཚད་མཐོར་འདེགས་དང་མགྱོགས་ཚདའཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས།  ཇི་ལྟར་དམ་འཛིན་བྱེད་པའི་གནད་དོན་ལག་བསྟར་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དེར་རྒྱུས་ལོན་བྱེད་པའི་སྟེང་ནས་གྲུབ་འབྲས་གསར་བ་ལེན་པར་འབད་འཐབ་བྱས་ཏེ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་སྟེང་ཁག་ཁུར་གསར་བ་མངོན་པར་བྱེད་པ་དང་། རྟོག་ཞིབ་དམ་འཛིན་བྱེད་པ་དང་གནད་དོན་ཐག་གཅོད་པའི་སྟེང་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་པ། བསམ་བློ་དྲིལ་སྒྲོག་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣན་ནས། བློ་དཀར་སེམས་དཀར་བྱེད་པའི་ཐད་ནས་ཕན་འབྲས་མཐོང་ཐུབ་པར་བྱེད་པ་དང་། ནམ་ཡང་བློ་དཀར་སེམས་དཀར་དང་ལྷད་མེད་སྤྱོད་གཙང་། མཐའ་གཅིག་ཏུ་བློ་གཏད་ཆོག་པར་བྱེད་དགོས། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ཏེ། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཐད་ནས་གྲུབ་འབྲས་མཐོང་ཐུབ་པར་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་སྲིད་ཁྲིམས་བྱ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་དངོས་འབེབས་བྱེད་དགོས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་དང་དཀའ་ཁག་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་མཐོང་ཐུབ་པར་བྱས་ནས། མངོན་སུམ་གྱི་གནད་དོན་སྐོར་ཞིག་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། དམངས་ཚིས་བདེ་སྐྱིད་དང་ཉེ་བར་བྱེད་པ་དང་། མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པའི་སྟེང་གྲུབ་འབྲས་མཐོང་ཐུབ་པར་བྱེད་པ། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྦས་ཤུགས་སྔོག་འདོན་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་དང་དོན་བཟང་བསྒྲུབ་དགོས། ཁག་ཁུར་དངོས་གཉེར་བྱེད་ཕོད་པ་དང་། འཕེལ་རྒྱས་ཐད་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་མཐོང་ཐུབ་པར་བྱས་ནས། ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ། སྣང་བརྙན་གསར་བས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། དག་གཙང་ཕན་མཐོ་རྒྱུན་འཁྱོངས་བྱས་ནས། སྲོལ་གསར་འཛུགས་པའི་སྟེང་ཕན་འབྲས་མཐོང་ཐུབ་པར་བྱེད་པ་དང་། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་སྲུང་སྐྱོབ་དང་གཙང་སྒྱུར་བྱེད་པ་དང་སྲ་བརྟན་དུ་གཏོང་དགོས། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་ནན་མོ་བྱས་ཏེ། རྒྱུན་དུ་བཅོས་སྐྱོང་དང་ཡུན་རིང་ཕན་པ་ཡོང་བར་བྱེད་པའི་སྟེང་གྲུབ་འབྲས་མཐོང་ཐུབ་པར་བྱེད་པ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དེ་རྩ་བའི་སྟེང་ནས་གནད་དོན་ཐག་གཅོད་པ་དང་ཞན་ཆ་ཁ་གསབ་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་འགན་སྲུང་དུ་བརྩི་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།