བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཧ་ཅང་མཐོང་ཆེན་བྱས་པ་དང་མྱུར་དུ་བྱེད་ཐབས་སྤྱད་པ་དང་། གཙོ་གཞིའི་འགན་འཁྲི་ཕྲག་ཏུ་བླངས་ཤིང་རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོ་ནུས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་ངང་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གཙོ་བོ་དང་པུའུ་ལས་ཁུངས་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་རུ་བྱེད་པའི་གོ་སྐབས་གལ་ཆེན་དུ་བརྩིས་པ་དང་། བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ལ། པུའུ་ལས་ཁུངས་སུ་ཡུན་རིང་བོར་གནས་པའི་ཕྱོགས་བཅུའི་ཐད་ཀྱི་འབུར་ཐོན་གནད་དོན་གཙིགས་སུ་བཟུང་བ་དང་། ལས་འགན་གཙོ་བོ་ཞེ་བརྒྱད་གྲུབ་པར་བྱས་ལ། གནད་དོན་ཐག་གཅོད་པའི་ཚད་འཇལ་ཚད་གཞི་ཇེ་ཞིབ་ཏུ་བཏང་ནས། རྩ་འཛུགས་བྱ་བ་དེ་བརྗོད་དོན་སློབ་གསོའི་ཁྲོད་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐུལ་སློང་བཀོད་སྒྲིག་བྱེད་སྐབས་བསྟན་དོན། སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ། སྣེ་ཁྲིད་དེ་གཏན་ཕབ་གཉིས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་གིས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད་ཐག་བཅད་དེ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་ཟེར།
ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་ལ་རེ་བ་བཏོན་ནས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ། ལས་བྱེད་པ་རྒན་པ་ཅུའུ་ཡི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། སློབ་སྦྱོང་བྱེད་པ་བརྒྱུད་དེ་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་བྱེད་པ་བརྒྱུད་དེ་རིག་སྟོབས་ཆེར་བསྐྱེད་པ། སློབ་སྦྱོང་བྱེད་པ་བརྒྱུད་དེ་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་བྱེད་པ་བརྒྱུད་དེ་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཕྱོགས་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གཙོ་བོ་རུ་བྱས་པ་དང་། སློབ་དཔྱོད་པུའུ་ཡིས་གྲོང་ཁྱེར་དང་ཁུལ་གྱི་ཏང་གི་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པ་དང་སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་གཞི་རིམ་ཏང་གི་སློབ་གྲྭར་འབྲེལ་འདྲིས་བྱེད་པ། གཞི་རིམ་ཏང་གི་སློབ་གྲྭའི་སློབ་སྒྲུབ་སྤུས་ཚད་ལ་དཔྱད་འཇོག་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་བསླབ་ཚན་གལ་ཆེན་གྱི་ཞིབ་འཇུག་སོགས་འདྲེན་བྱེད་དང་སྟེགས་བུ་བཀོལ་སྤྱོད་བྱས་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཕྱོགས་ཀྱི་འབུད་ཐོན་གནད་དོན་ལ་དམིགས་ནས་སློབ་ཚན་གཏན་ཁེལ་བྱས་ཏེ། བརྟག་བཤེར་ཞིབ་འཇུག་སྤེལ་བར་བཀོད་སྒྲིག་ཞིབ་མོ་བྱས།
མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་དེང་རབས་འགྲིམ་འགྲུལ་མ་རྐང་ཚོད་འཛིན་དང་ལྗང་མདོག་གི་འགྲིམ་འགྲུལ་མ་རྐང་ཚོད་འཛིན། རྒྱུ་སྤུས་བཟང་བའི་འགྲིམ་འགྲུལ་མ་རྐང་ཚོད་འཛིན། ཁྲིམས་སྐྱོང་གི་འགྲིམ་འགྲུལ་མ་རྐང་ཚོད་འཛིན། གྲངས་ཀའི་འགྲིམ་འགྲུལ་མ་རྐང་ཚོད་འཛིན། སྲིད་གཙང་གི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་བཅས་འགྲིམ་འགྲུལ་མ་རྐང་ཚོད་འཛིན་དྲུག་འཛུགས་སྐྲུན་བྱེད་པ་འདྲེན་བྱེད་དུ་བྱས་པ་དང་། སློབ་སྦྱོང་ལ་དོ་སྣང་དང་རྟོག་ཞིབ་དམ་འཛིན་བྱས་པ་དང་། ལྟ་ཞིབ་ལ་དོ་སྣང་བྱས་པ་དང་སྤྱོད་ཚུལ་བསྒྱུར་བ། ལག་ལེན་ལ་དོ་སྣང་དང་ལག་བསྟར་དམ་འཛིན་བྱས་ནས། སློབ་སྦྱོང་བྱེད་པ་བརྒྱུད་དེ་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་པ་བརྒྱུད་དེ་རིག་སྟོབས་ཆེར་སྐྱེབད་པ། སློབ་སྦྱོང་བྱེད་པ་བརྒྱུད་དེ་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་བྱེད་པ་བརྒྱུད་དེ་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་བ་བཅས་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།