ཀྲུང་དབྱང་གི་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 156

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུ་བསྡུས་པའི་རྗེས་སུ། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་གསར་གཏོད་ཡར་བརྩོན་གྱི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར།

སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུའི་ཐད་འབད་བརྩོན་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱ་དེ་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཕྱོགས་སོ་སོར་མཉམ་འདྲེས་དམ་ཟབ་བྱས་ནས། ལག་ལེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ་དང་། ཕན་འབྲས་ལ་དོ་སྣང་བྱེད་པ། སྤུས་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་གཞི་གཅིག་ཅན་གྱི་གཙོ་གནད་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་པའི་རྨང་གཞིའི་སྟེང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཇུས་འདོན་ལས་རོགས་ཡག་པོ་བྱས།

སྔོན་ནས་ཇུས་འགོད་དང་གཅིག་གྱུར་མཐུན་སྦྱོར། མཛུབ་ཁྲིད་ལ་ཤུགས་སྣོན། འགན་འཁྲི་ཏན་ཏིག་ཁུར་བ་བཅས་བྱས་པ་བརྒྱུད་དེ་བརྗོད་དོན་སློབ་གསོའི་མགོ་ཡག་པོ་ཞིག་འཛུགས་པར་སྐུལ་འདེད་བཏང་། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་བསྒྲུབ་ཁང་གིས་སྐུལ་སློང་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཐུན་མོང་བགྲོ་གླེང་།  ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་བཅས་བསྡུས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྔར་ལས་ལྷག་པའི་སྒོ་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བསྒྱུར་བར་སྐུལ་འདེད་བཏང།

ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱ་རྒྱུ་ནི་ཐེངས་འདིའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལག་ལེན་ལ་མཐོང་ཆེན་བྱེད་པའི་ཐད་རང་རྟོགས་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་འཐབ་ཇུས་གལ་ཆེན་དང་འཆར་འགོད་གལ་ཆེན། སྲིད་ཇུས་གལ་ཆེན། བཅོས་སྒྱུར་གལ་ཆེན། རྣམ་གྲངས་གལ་ཆེན་སོགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གནད་དོན་མཐིལ་རྟོགས། བྱ་བ་ལེགས་སྒྱུར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་བླང་བྱ་བཏོན། དམངས་སྲིད་པུའུ་ཡིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་དང་སྐུལ་ཁྲིད་བྱས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་དམངས་སྲིད་ཞབས་ཞུ་ཡག་པོ་བྱས་ནས་གནས་ཚུལ་ངོ་མ་ཁོང་དུ་ཆུད་པ་དང་། ཧེ་བག་འཚོལ་བ། དཀའ་གནད་སེལ་བ་བཅས་བྱས། ནོར་སྲིད་པུའུ་ཡིས་ནོར་སྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྐབས་དངོས་གནས་སློབ་པ་དང་། དངོས་གནས་རྟོགས་པ། དངོས་གནས་ཡིད་ཆེས་པ་བཅས་ཀྱི་སྒོ་ནས་བཀོལ་སྤྱོད་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་དོན་དངོས་དང་གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཀའ་གནད་སེལ་བ་དང་དམངས་ཀྱི་དཀའ་སྡུག་སེལ་དགོས།

སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོའི་ཕན་འབྲས་དེ་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པར་བྱེད་པའི་ཐད་མཚོན་པར་བྱེད་རྒྱུར་འབད་བརྩོན་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་རྒྱུའི་རེ་བ་བཏོན།

བརྗོད་དོན་སློབ་གསོའི་དམིགས་ཚད་དང་བླང་བྱ་ཁོང་དུ་ཏན་ཏིག་གིས་ཆུད་པར་བྱེད་པ་དང་། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་ཚན་ཁག་གིས་ལས་ཁུངས་ཀྱི་ལས་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ལས་ཁུངས་ཀྱིས་ཁོངས་གཏོགས་ལ་སྣེ་ཁྲིད་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་བུད་མེད་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་བྱ་བ་འགངས་ཆེན་དུ་བརྩིས་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཏན་ཏིག་གིས་ཤུགས་བསྣན་པ་དང་། གཙོ་ཤུགས་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ། གཙོ་གནད་བྱ་བ་དོན་འཁྱོལ་ཡག་པོ་བྱེད་པ། བརྗོད་དོན་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཕྱིར་སྡོད་རང་མིའི་བློས་ཐུབ་གྲོགས་པོ་དང་ཕྱིར་སྡོད་རང་མིའི་ལས་དོན་སྒྲུབ་མཁན་ཡག་པོ་བྱེད་དགོས་ཞེས་བསྟན། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་དང་ལྟེ་གནས་བྱ་བར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་དང་འཕྲིན་སྤེལ་ལ་ཤུགས་བསྣན་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དང་མང་ཚོགས་ཁྲོད་དུ་སྤེལ་བ་དང་། མི་སེམས་སུ་སིམ་པར་བྱས་ནས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པར་བསམ་བློའི་འགན་ལེན་དང་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས།

ཤ་བོ་གསེར་མཚོས་བསྒྱུར།