ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་བཞི་པ་དང་ལྔ་པའི་སྟེང་མཚན་བཀོད།
ཀྲུའུ་ཞི་བཀའ་རྒྱ་བཞི་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཞེས་པ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེནསྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བས། ད་ལྟ་དངོས་སུ་སྤྱི་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཀྲུའུ་ཞི་བཀའ་རྒྱ་ལྔ་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ཞེས་པ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།