ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་བརྗེ་རེས་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་དང་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གྲོལ་བའི་མཛད་སྒོའི་སྟེང་གནང་བའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྣམས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གྲུབ་འབྲས་ཐད་བརྗེ་རེས་གཏམ་བཤད་སྤེལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭས་ཞིང་ཆེན་ཡོངས་སུ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་བསམ་བློའི་རྨང་གཞི་བརྟན་པོ་བཙུགས་ཡོད་ལ། ཞིང་ཆེན་ཡོངས་སུ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བར་དཔེ་མཚོན་དང་མིག་དཔེ་བསྐྲུན་ཡོད། སློབ་སྦྱོང་གི་གྲུབ་འབྲས་སྤྱི་སྡོམ་དང་རྒྱ་བསྐྱེད་ནས་མུ་མཐུད་དུ་ངེས་གཏན་གྱི་ནང་དོན་ལ་སློབ་སྦྱོང་བྱེད་པ་དང་རྒྱུན་མཐུད་སློབ་སྦྱོང་བྱས་ཏེ། བརྗོད་དོན་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས།
དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ། ཚན་རིག་གི་བྱེད་ཐབས་ལག་ལེན་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་དགོས། འགན་འཁྲི་ནན་དཀྲི་བྱས་ནས་དམ་འཛིན་བྱེད་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱས་ཏེ། རིམ་པ་སོ་སོའི་ཏང་གི་རྩ་འཛུགས་ཀྱིས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཕྱོགས་སོ་སོར་གྲུབ་འབྲས་དངོས་ཐོབ་པར་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།