ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཀོ་ལར་དྲག་ཆར་གྱི་གནོད་འཚེ་ཐེབས་པའི་ཐད་ནས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལོན་སའོ་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ཨན་ཀོ་ལའི་རྒྱལ་ས་ལའོ་ཨན་ཏ་སོགས་ས་ཆ་མང་པོར་དྲག་ཆར་གྱི་གནོད་པ་ཐེབས་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བྱུང་བ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་ཡིན་ལ། འདས་པོའི་ཁྱིམ་མི་དང་རྨས་མ། གནོད་ཐེབས་ས་ཁུལ་གྱི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཨན་ཀོ་ལ་དཀའ་ངལ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།