ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་མི་སྣ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་སྐོར་གྱི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བསྟན་དོན། ཏང་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ། “སྲུང་སྐྱོང་གཉིས”ཀྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྔར་ལས་ཤུགས་བསྣན་ནས། ཏང་ནན་སྐྱོང་དང་དཔོན་རིགས་ནན་སྐྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་གཞི་རྟེན་ལ་སྔར་ལས་ཤུགས་སྣོན་པ་དང་། སྤྱོད་ཚུལ་ངན་པ་ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ། རྣམ་འགྱུར་རྦད་ཆོད་བཅངས་ཏེ་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ལམ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རིམ་སྤོར་ཞིབ་བཤེར་བརྟག་དཔྱད་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་མཛུབ་སྟོན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་མི་སྣ་དྲུག་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་སྐབས་སུ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་སྤྱི་སྒྲོག་བརྡ་ཁྱབ་བཏང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་སྒོས་མཚོན་ཡོད་ཅིང་། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་སྲོལ་བཟང་སྒྲིག་དམ་གྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། འབད་འབུངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་རྣམ་འགྱུར་གསལ་པོ་མཚོན་ཡོད། ང་ཚོས་དེར་སློབ་སྦྱོང་བྱེད་པ་དང་གོ་བ་ནན་ཏན་བླངས་ནས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་རེའི་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་མི་སྣ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་དེ་ནི། ཀྲུང་དབྱང་གིས་བཀའ་རྒྱ་ཡང་ཡང་བཏང་རུང་བསམ་གཟས་ནས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་དཔེ་མཚོན་ཞིག་ཡིན་པའི་དབང་གིས། ཧ་ཅང་ཚབས་ཆེ་བ་དང་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ནི་ཡུན་རིང་ནུས་པ་ལྡན་པའི་སྒྲིག་སྲོལ་བརྟན་པོ་དང་འགྱུར་མེད་ཀྱི་སྒྲིག་སྲོལ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་རྒྱབ་ཕྱོགས་སུ་གནས་པའི་ཆབ་སྲིད་གནད་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་གཞི་གཅིག་གི་གནོད་འཚེ་ཚབས་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “མགོ་ཁྲིད་དང་པོའི”ལྟ་སྐུལ་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་སྔར་ལས་ངོས་འཛིན་གང་ལེགས་བྱེད་པ། “ནམ་ཡང་ལམ་དུ་ཡོད་པ་གཉིས”བློ་ལ་བརྟན་པོར་ངེས་སུ་བཅུག་ནས་བསླབ་བྱ་ཟབ་མོ་བླངས་ཏེ། གྱོད་དོན་དཔྱད་གཞིར་འཛིན་པ་དང་། བརྗོད་བྱ་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པ། ཏང་གཤིས་ཏང་སྲོལ་དང་ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྣེ་ཁྲིད་བྱེད་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུས་དཔེ་མཚོན་གྱོད་གཞི་དེར་དམིགས་ཏེ། ཀྲུང་དབྱང་གི་བླང་བྱ་ལྟར་གནད་དོན་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་འགའ་ཞིག་ལ་བཟོ་བཅོས་བརྒྱབ་ནས་གཟབ་ནན་དང་ཏན་ཏིག་ངང་སྤེལ་རྒྱུ་འབུར་ཐོན་ཡོང་བར་བྱེད་པ། ལམ་ལུགས་ཀྱི་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པར་སྒྲིག་སྲོལ་བཟོས་ནས“དམར་ཐིག”གཏན་འཁེལ་བྱས་པ་དེས། ཞིང་ཆེན་ཏང་ཨུས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བའི་རྣམ་འགྱུར་གསལ་པོ་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ལག་བསྟར་ནན་མོ་བྱས་ཏེ་འགུལ་སྐྱོད་དང་གྲུབ་འབྲས་མཐོང་བར་བྱེད་དགོས། ཞིང་ཆེན་ཏང་ཨུས་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་ཇུས་གཞི་བཟོས་ཏེ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན། སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན། ལམ་ལུགས་འཛུགས་སྐྲུན་གཏིང་ཟབ་དུ་གཏོང་བ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད། སྒྲིག་ཁྲིམས་ཀྱི་སློབ་གསོར་ཤུགས་སྣོན་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན། ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཞིང་ཆེན་ཡོངས་སུ་གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་སྤེལ་ཏེ། སྤྱོད་ཚུལ་ལེགས་སྐྱོང་གི་ས་ཁུལ་རང་བཞིན་དང་ལས་རིགས་རང་བཞིན། དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་ཡང་ཐོན་བཞིན་པའི་གནད་དོན་དམ་འཛིན་བྱས་ཏེ་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ངོས་ནས་གནད་དོན་ལ་ལྟ་བ་དང་ཆབ་སྲིད་ཀྱི་སྟེང་ནས་ལས་དོན་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་སྟེང་ནས་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་ངན་པ་བཀག་འགོག་ནན་མོ་བྱས་ནས། སྤྱོད་ཚུལ་ངན་པ་དང་བྱ་སྤྱོད་ངན་པ་ཐོན་སའི་འབྱུང་རྩ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས། སློབ་སྦྱོང་དང་བསམ་བློ། ཁྱབ་བརྡལ། ངོས་འཛིན་བཅས་གཅིག་གྱུར་དང་། བསམ་བློ་དྭངས་གཙང་དང་རྩ་འཛུགས་དྭངས་གཙང་། ལྟ་བ་གསལ་སྟོན་བཅས་ཀྱི་སྒོ་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་རིགས་ནན་སྐྱོང་བྱེད་པ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབང་ཆར་ལྟ་སྐུལ་དང་ཚོད་འཛིན་གང་ལེགས་བྱེད་པ། དཔུང་སྡེ་མཐའ་གཅིག་ཏུ་དྭངས་གཙང་ཡོང་བ་བཅས་བྱས་ནས། སྒྲིག་ལམ་ནན་མོ་བྱ་རྒྱུ་དེ་ཏང་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མིག་གིས་གསལ་པོར་བལྟ་བ་དང་རྡུང་རྡེག་ཚ་ནན་གཏོང་བ། རྒྱ་ཡན་དུ་མི་གཏོང་བ། ཁོངས་གཏོགས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འགན་འཁྲི་གཙོ་བོ་ཏན་ཏིག་ངང་སྒྲུབ་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་ཆུ་རགས་ཇེ་བརྟན་དུ་གཏོང་རྒྱུ་དང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་དང་རུལ་སུངས་ལ་དམིགས་ཏེ། སྐྱིད་འདོད་དང་བག་མེད་ཆུད་ཟོས། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་དང་བསམ་བློའི་དམིགས་བསལ་དབང་ཆའི་སྒྲིག་འགལ་གྱི་གནད་དོན་ལ་དམ་པོར་དམིགས་ཏེ། ལྷོད་གཡེང་མི་གཏོང་བ་དང་གོམ་པ་གང་ཡང་མི་གློད་པ། བྱུང་མ་ཐག་རྡུང་རྡེག་གཏོང་བ་བཅས་བྱས་ནས། བསྐྱར་ལོག་སྔོན་འགོག་དང་མངོན་མེད་གཞན་འགྱུར་སྔོན་འགོག ངལ་དུབ་སྔོན་འགོག་བཅས་མཐའ་གཅིག་ཏུ་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “གཙོ་འགན་འཁུར་མཁན”ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གཙོ་འགན་འཁུར་མཁན”དང་མགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་བསམ་འཆར་དོན་འཁྱོལ་བྱེད་པ། “གཙོ་འགན་འཁུར་མཁན”གྱིས་སྒྲིག་ཁྲིམས་ཀྱི་དམར་ཐིག་ནན་སྲུང་བྱེད་པར་སྐུལ་འདེད་གཏོང་བ། རང་གཅུན་ནན་མོ་དང་རང་འགན་ནན་སྒྲུབ། མངའ་ཁོངས་ལ་དོ་དམ་ནན་མོ་བཅས་བྱས་ཏེ། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་འཛུགས་སྐྲུན་པ། སྲུང་སྐྱོང་པ་བཅས་ལེགས་པོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཐབས་ལམ་རྒྱ་ཆེར་བསྐྱེད་པ། ལྟ་སྐུལ་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་དང་ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་པ་བཅས་བྱས་ནས། “མགོ་ཁྲིད་དང་པོ”དང་མགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པའི་ཕན་འབྲས་དངོས་ཐོན་པར་བྱས་ཏེ། གནད་དོན་ཤེས་རྟོགས་བྱུང་མ་ཐག་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་བཟུང་ནས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ་དང་གཟབ་ནན་མཐར་ཕྱིན་ཡོང་བར་སྐུལ་འདེད་གཏོང་དགོས།
ཡོངས་ཁུངས་ཀྲུང་གོ་བོད་ཀྱི་དྲ་བ།