མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་ཚིག་བསྒྲགས་ནས་ལོ་ངོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་ཚིག་བསྒྲགས་ནས་ལོ་ངོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་ཚིག་བསྒྲགས་ནས་ལོ་ངོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་ནི། སྔོན་རབས་པས་ང་ཚོར་བཞག་པའི་མཉམ་ལས་དང་ཟབ་ཞུགས། གྲོས་མོལ། བཟོད་སྒོམ་བཅས་ཀྱི་སྙིང་སྟོབས་ལ་རྗེས་དྲན་བྱས་པ་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིགས་གསར་བའི་སྲིད་ཏང་ལམ་ལུགས་དང་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱས་ནས། ངོས་ལེན་ལྔ་རྒྱུན་མ་ཆད་ཇེ་དྲག་ཏུ་གཏོང་དགོས། དུས་ཡུན་རིང་བོར། དམངས་གཙོ་ཏང་ཁག་སོ་སོས་སྲིད་ཞུགས་ཏང་གི་འགན་འཁྲི་ནམ་ཡང་ཡིད་ལ་དམ་པོར་བཟུང་བ་དང་། འགན་སྒྲུབ་ནན་མོ་བྱས་ཏེ། མཚོསྔོན་གསར་བ་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་ལོ་རྒྱུས་ཕྱིར་དྲན་བྱེད་པའི་ཁྲོད་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་འཛིན་པ་དང་། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བའི་ཁྲོད་ཆབ་སྲིད་ཀྱི་ཐུན་མོང་ལྟ་བ་ཇེ་ཟབ་ཏུ་བཏང་སྟེ། མཚོ་སྔོན་གྱི་ཏང་མང་མཉམ་ལས་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཁྲོད་འདྲེས་པར་བྱེད་པ་དང་། དམངས་གཙོ་ཏང་ཁག་གི་དགེ་མཚན་འདོན་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཁུན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུའུ་ཁྲུན་ཡུན། ཏང་ཁག་གང་ལ་ཡང་མི་གཏོགས་པའི་འཐུས་ཚབ་མི་སྣ་ཀྲིག་ཁྲོན་ཝུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།