ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་འཚོགས་པའི་ཚུན་ལ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ་དང་གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ། ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་གང་ཐུབ་བྱས།

བརྗོད་དོན་སློབ་གསོའི་ཁྲོད་ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་ཀྱིས“དགོངས་པ་སློབ་རྒྱུ”གཙོ་གནད་དུ་བཟུང་ནས། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྦྱོང་བྱེད་པར་འབད། ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་དངུལ་རྩ་དང་གྲོང་གསེབ་དར་སྤེལ་སོགས་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ་ཆེད་དོན་བདུན་དངོས་སུ་བཏོན་ནས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་རྒྱུ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཆེད་དོན་སློབ་སྦྱོང་སོགས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དངོས་ཕུང་དཔལ་འབྱོར་ལ་མཛུབ་སྟོན་དང་ཞབས་ཞུ་བྱེད་པ་དང་། དངུལ་རྩའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་ཆེད་དོན་དགུ་ལ་དམ་པོར་དམིགས་ནས་བགྲོ་གླེང་བརྗེ་རེས་དང་ཆེད་མཁས་པའི་ཟུར་ཁྲིད། ཡུལ་དངོས་སློབ་ཁྲིད། བརྟག་དཔྱད་ཞིབ་འཇུག སྒེར་གྱི་རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརྗོད་དོན་སློབ་གསོ་སྤེལ། འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་། ན་གཞོན་གཞུང་ལུགས་སློབ་སྦྱོང་ཚན་ཆུང་། མགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་སོགས་ལ་བརྟེན་ནས་ཐུན་མོང་སློབ་སྦྱོང་བྱས་པར་མ་ཟད། ཚོགས་པའི་ནང་གི་དྲ་བ་དང་ཟབ་སྦྱོང་ལས་སྟེགས། གཞུང་ཕྱོགས་ཀྱི་སྐད་འཕྲིན། སློབ་བརྩོན་རྒྱལ་དར་ཅེས་པ་སོགས་ཀྱི་སྟེགས་བུ་བརྒྱུད་དེ། བརྗོད་དོན་སློབ་གསོའི་ཆེད་སྒྲིག་ལེ་ཚན་བཟོས་ནས་སློབ་སྦྱོང་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་ཀྱིན་ཡོད།

ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་དུ་དམིགས་ནས་རྟོག་ཞིབ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས་བརྟག་དཔྱད་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་དངོས་ཀྱི་ཁྲོད་དུ། ཏང་གི་གསར་གཏོད་གཞུང་ལུགས་ལ་གོ་བ་གཏིང་ཟབ་བླངས་ནས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་། ཀྲུང་གོ་ཀོང་ཏ་སྡེ་ཚོགས་མ་རྐང་ཀུང་ཟིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར་སོགས་ལ་དམ་པོར་དམིགས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་སྒྲུབ་པ་དང་བྱེད་ཐབས་ནུས་ལྡན་སྤྱོད་པ། ཕན་འབྲས་གཉེར་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་གཞུང་ལུགས་སློབ་སྦྱོང་ལག་ལེན་དངོས་ཀྱི་ཁྲོད་དུ་བེད་སྤྱོད་པའི་གོ་རིམ་དུ་འགྱུར་བར་བྱས་པ་དང་། འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བའི་གོ་རིམ་དུ་འགྱུར་བར་བྱས།

ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟིས་སློབ་སྦྱོང་དང་བསམ་གཞིགས། བེད་སྤྱོད། ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། གཏིང་ཟབ་པའི་གནད་དོན་ཤེས་རྟོགས་ཐུབ་པར་བྱས་ཏེ། བཅོས་སྒྲིག་ཇུས་གཞི་བཟོས་ནས་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་གྲུབ་པར་བྱས།

ཀྲུང་གོ་མི་ཚེའི་གུན་སྐྱོབ་སྡེ་ཚོགས་ཀུང་ཟིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཁྲོད་ཕན་འབྲས་དངོས་ཐོན་རྒྱུར་འབད་བརྩོན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།