རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོའི་དམག་དཔུང་གིས་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་མི་སྣ་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པའི་ཐད་ནས་གཏམ་བཤད་སྤེལ།
2023.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཐན་ཁི་ཧྥེ་ཡིས་ཚེས་ཉེར་དགུ་ཉིན་ཀྲུང་གོའི་དམག་དཔུང་གིས་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་མི་སྣ་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པའི་སྐོར་ནས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཀྲུང་གོའི་དམག་དཔུང་གིས་བཀའ་དང་དུ་བླངས་ཏེ་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་མི་སྣར་ཕྱིར་འཐེན་བྱེད་པའི་ལས་འགན་ལག་སྟར་བྱས་པ་ཡིན། ཀྲུང་གོར་སྡོད་པའི་འབྲེལ་ཡོད་རྒྱབ་ཁབ་ཀྱི་གཞུང་ཚབ་ཁང་གི་གཞོགས་འདེགས་འོག་ཏུ། མཚོ་དམག་གི་ནན་ཉིང་གྲུ་གཟིངས་དང་ཝེ་ཧྲན་མཚེའུའི་གྲུ་གཟིངས་ཀྱིས་པེ་ཅིང་གི་དུས་ཚོད་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར། སུའུ་ཏན་གྲུ་ཁ་ནས་ཀྲུང་གོའི་སྤྱི་དམངས་དགུ་བརྒྱ་དང་བཞི་བཅུ་དང་། ཕྱི་རྒྱལ་གྱི་མི་སྣ་ཉིས་བརྒྱ་དང་སོ་གཅིག་སོ་ཏི་ཨ་རབ་ཀྱི་ཅི་ཏ་གྲུ་ཁར་བསྐྱལ་ཡོད། མི་དམངས་དམག་དཔུང་གིས་མི་དམངས་སེམས་ལ་བཅངས་ཡོད་དེ། ཀྲུང་གོའི་དམག་དཔུང་ནི་དུས་ནམ་ཡང་མི་དམངས་ཀྱི་སྲུང་སྐྱོབ་པ་ཡིན་ལ། ནམ་ཡིན་ཡང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་ཞབས་འདེགས་ཞུ་བའི་སྟོབས་ཤུགས་ཆེན་པོ་ཡིན་ཟེར།