ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།
2023.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་ཁྱེར་གྱི་སྣུམ་ཞིང་དང་ཁེ་ལས་སུ་སོང་བ་དང་འགྲིམ་འགྲུལ་དང་ལས་གཞི་ལ་ལྟ་ཞིབ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་ལ། ལྔ་གཅིག་དུས་ཆེན་སྐབས་སུ་ལས་རྐང་བརྟན་སྲུང་བྱས་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། འགན་འཁྲི་འདུ་ཤེས་བརྟན་པོས་གནད་དོན་དང་ཉེན་ཁར་ཕྱོགས་ཡོངས་ནས་བརྟག་བཤེར་དང་བཅོས་སྐྱོང་བྱེད་པ། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་བཀག་འགོག་དང་ཐག་གཅོད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས།

མང་ཡ་གྲོང་ཁྱེར་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་རིག་སྟོབས་སྟེགས་བུ་འཛུགས་སྐྲུན་དང་བདེ་འཇགས་དང་ཤར་བགྲོད་ལ་འགན་སྲུང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་བལྟས་རྗེས་བཤད་རྒྱུར། འགྲིམ་འགྲུལ་བདེ་འཇགས་དེ་མི་དམངས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པས། བཏང་ལྷོད་སྤུ་ཙམ་བྱེད་མི་རུང་། བདེ་འཇགས་དང་ཤར་བགྲོད། ཞབས་ཞུ་ལ་འགན་སྲུང་བྱེད་པའི་རང་འགུལ་དབང་ཆ་དམ་འཛིན་བྱེད་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་གཙིགས་སུ་འཛིན་པ། ཉེན་ཁ་སྔོན་འགོག་དང་ཉེན་ཁ་མེད་པར་བཟོ་བ། བདེ་འཇགས་ལ་འགན་སྲུང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་ཁག་ཐེག་བྱེད་དགོས།

ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་རུ་སྣུམ་དུང་ཉི་ཤུ་པ་དང་། དུང་འོག་ལས་སྒྲུབ་ཀུང་ཟི། ཀ་སི་ཁུའུ་ལི་མཉམ་འབྲེལ་ས་ཚིགས་བཅས་སུ། ཝུའུ་ཞའོ་ཅུན་གྱིས་ཐོན་སྐྱེད་འཁོར་རྒྱུག་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ལས་བཟོ་བར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཁྱེད་ཚོས་མཐོ་སྒང་དུ་རྐང་བཙུགས་ནས་ཏང་ལ་བྱས་རྗེས་བཞག་པ་དང་སྣུམ་དར་དྲིན་འཇལ་དང་མཚོ་སྔོན་ལ་བདེ་སྐྱིད་བསྐྲུན་པ་དང་། ཁྱེད་ཚོ་ནི་དུས་རབས་གསར་བའི་དཔའ་བོ་ངོ་མ་ཡིན་ལ། ཁྱེད་ཚོས་མུ་མཐུད་དུ་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚྭ་འདམ་གཞོང་གི་རྡོ་སྣུམ་སྙིང་སྟོབས་རྒྱུན་འཛིན་བྱེད་པ། བདེ་འཇགས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ནུས་མང་ཁ་གསབ་ཀྱི་རྣམ་པ་གསར་བ་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།

མཚོ་སྔོན་ཧིན་ཡུས་ཧྥིན་ཚྭ་འགྱུར་ཐོན་ལས་ཚད་ཡོད་འགན་ལེན་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱི་ཡུལ་དངོས་ནས་ཁེ་ལས་ཀྱི་འཁོར་རྒྱུག་དང་མ་འོངས་པའི་འཕེལ་རྒྱས་འཆར་འགོད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱིས་སྒྲིག་གཞི་གསར་གཏོད་དང་དོ་དམ་གསར་གཏོད། ལག་རྩལ་གསར་གཏོད། རིག་གནས་གསར་གཏོད་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་འབུར་དུ་ཐོན་པར་བྱེད་པ། ཁེ་ལས་བདེ་འཇགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་ནས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུའི་སྐུལ་མ་བཏང་བ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་ཁྲོད་ཐུག་པའི་དཀའ་ཁག་ཐག་གཅོད་རོགས་བྱེད་རྒྱུའི་མངག་བཅོལ་བྱས།

ཧོང་ཀ་ལེང་ནས་མང་ཡའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱུ་སྤུས་གཙོར་འཛིན་པ་དང་བདེ་འཇགས་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་ལ་དོ་དམ་ནན་མོ་བྱེད་པ། བཟོ་སྐྲུན་འཛུགས་སྐྲུན་བྱེད་ཚད་ལ་འགན་སྲུང་བྱེད་པ།བདེ་འཇགས་དང་རྒྱུ་སྤུས་དམ་འཛིན་བྱས་ནས། སྤུས་ལེགས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།