བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་ལྔ་པའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་དགུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲོས་ཚོགས་སྟེང་གི་གསུང་བཤད་ཅེས་པ་འགོད་རྒྱུ་རེད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། གཅིག་ནས་འདི་ནི་ཏང་ཡོངས་ཀྱི་བསམ་བློ་དང་འདོད་བློ་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བླང་བྱ་ལྡོག་མེད་ཅིག་ཡིན། བསམ་བློའི་སྟེང་གི་གཅིག་གྱུར་ནི་ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་ཆེས་གཏིང་ཟབ་པ་དང་ཆེས་རྒྱུན་རིང་བ། ཆེས་བློ་གཏད་ཆོག་པ་བཅས་ཀྱི་འགན་ལེན་ཡིན། ང་ཚོའི་ཏང་འདི་འདྲ་ཆེན་པོ་ཞིག་གིས་རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་ལ་མགོ་ཁྲིད་བྱེད་བཞིན་ཡོད་ཅིང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་གྱི་དཀའ་ཚེགས་ཆེ་བའི་ལས་འགན་འདི་མངོན་འགྱུར་བྱེད་བཞིན་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས། གཉིས་ནས་འདི་ནི་ཏང་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ལྷག་གི་རིང་ལ་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་ཆེན་ཚང་མ་ནི། ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་ལས་བྱུང་བ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཟོས་པའི་བརྗིད་ཉམས་ཆེ་བའི་འཆར་འགོད་དེ་དངོས་ཡོད་དུ་བསྒྱུར་དགོས་ན། སྔར་བཞིན་འབད་འཐབ་དང་ལས་སྒྲུབ་ལ་བརྟེན་དགོས། གསུམ་ནས་འདི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་དུས་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེའང་དུས་ནམ་ཡང་ལམ་དུ་ཡོད། ཏང་ཆེན་མོའི་དམིགས་བསལ་དཀའ་ཁག་ཐག་གཅོད་བྱ་རྒྱུ་དེ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས། དམ་འཛིན་ལྷོད་མེད་བྱེད་དགོས་ལ་གཅིག་སྡུད་ངང་ཤུགས་བཏོན་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མཐའ་དག་དུས་ཐོག་ཏུ་མེད་པར་བཟོས་ནས། ཏང་གི་བདེ་ཐང་ལ་གནོད་པའི་ནད་དུག་མཐའ་དག་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་དུས་ནམ་ཡང་མི་འགྱུར་བ་དང་རྣམ་པ་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་འགན་ལེན་བྱེད་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་དམིགས་འབེན་དང་བླང་བྱར་ཁྱོན་ཡོངས་ནས་སྟངས་འཛིན་གནད་འཁེལ་བྱེད་དགོས། ཐེངས་འདིའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ནི“དགོངས་པ་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཡིན། སྐད་ཆ་ཚིག་བཞི་པོ་འདིས་ང་ཚོ་ཏང་གི་ངོས་འཛིན་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་གཅིག་གྱུར་བཅས་ཀྱི་བླང་བྱ་མཚོན་ཡོད་པས། དེ་ནི་འབྲེལ་བ་དམ་ཟབ་དང་ཕན་ཚུན་འབྲེལ་མཐུད། ནང་གནས་གཅིག་གྱུར་བཅས་ཀྱི་སྤྱི་ཁོག་ཅིག་ཡིན། སྤྱིའི་བླང་བྱ་འདི་ཐེངས་འདིའི་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་སློབ་སྦྱོང་བྱང་ཆུབ་པར་བྱེད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཕུགས་བསམ་བརྟན་གཏོང་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུ་དང་། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་ཕན་འབྲས་མིག་མཐོང་ལག་ཟིན་ཞིག་ཐོབ་པར་བྱེད་དགོས། བྱེ་བྲག་ཏུ་གཤམ་གསལ་གྱི་དམིགས་འབེན་འགྲུབ་པར་བྱེད་དགོས་ཏེ། གཅིག་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རྩ་བ་བརྟན་པོ་འཛུགས་པ་དང་། གཉིས་ནས་གཤིས་རྒྱུད་སྦྱོང་བརྡར་བྱས་ནས་བློ་དཀར་བྱེད་ཤུགས་ཆེ་རུ་གཏོང་བ། གསུམ་ནས་བདེན་སྒྲུབ་ཁག་འཁུར་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་བྱེད་པ། བཞི་ནས་དམིགས་ཡུལ་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། ལྔ་ནས་སྤྱོད་གཙང་སྤྱི་གཞོལ་གྱིས་སྲོལ་གསར་བསྐྲུན་དགོས་པ་བཅས་ཡིན། ད་ཐེངས་ཀྱི་བརྗོད་དོན་སློབ་གསོར་དུས་རིམ་དང་ལྷུ་ཚིགས་མི་དབྱེ་བར། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་དག་ཐེར་ཡོ་བསྲང་སོགས་འབྲེལ་མཐུད་གང་ལེགས་ཡོང་བར་བྱས་ཏེ། མཉམ་འདྲེས་དམ་ཚགས་དང་གཞི་གཅིག་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྣེ་ཡག་པོ་འཁྲིད་པ་དང་དཔེ་སྟོན་ཡག་པོ་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་དཔེ་སྟོན་སྐུལ་ཁྲིད་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། བརྗོད་དོན་སློབ་གསོའི་མགོ་ཁྲིད་ལ་ཤུགས་སྣོན་ནན་མོ་རྒྱག་དགོས། ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། དུས་ཚོད་ཐུང་ལ་ལས་འགན་ལྕི་བ་དང་བླང་བྱ་ཧ་ཅང་མཐོ། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་རྩ་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ། བརྗོད་དོན་སློབ་གསོའི་ལས་འགན་ཁག་ཚང་མ་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས། གཅིག་ནས་མགོ་ཁྲིད་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས། གཉིས་ནས་སྐུལ་འདེད་དང་ཁྲིད་སྟོན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། གསུམ་ནས་གཅིག་གྱུར་སྒོས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པར་མཐོང་ཆེན་བྱེད་དགོས། བཞི་ནས་དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་བཏང་བ་དང་། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ཧ་ཅང་ལྕི། ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་སྟེང་དུ་སེམས་ནུས་གཅིག་སྒྲིལ་བྱེད་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།