མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་དྲ་རྒྱའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞིའི་ཟབ་སྦྱོང་འཛིན་གྲྭ་སྤེལ་མགོ་བརྩམས།
2023.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་དྲ་རྒྱའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞིའི་ཟབ་སྦྱོང་འཛིན་གྲྭ་སྤེལ་མགོ་བརྩམས་པ་དང་། ཞིང་ཆེན་དང་གྲོང་ཁྱེར།ཁུལ། རྫོང་།ཆུས་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ལས་ཁུངས་ཀྱི་ཆ་འཕྲིན་ཅན་ལས་སྒོའི་རྐང་འཛིན་པ་དུས་ཡུན་ཉིན་གསུམ་གྱི་གཟབ་སྦྱོང་ལས་སྒོའི་ཁྲོད་ཞུགས།

ད་ཐེངས་ཀྱི་ཟབ་སྦྱོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བཏང་ནས། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ནུས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་མཐོ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་ངམ་ཆུས་བཅས་ཀྱི་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་རིམ་གསུམ་མཉམ་འགུལ་མངོན་འགྱུར་བྱས་ནས། ཐབས་ལམ་མང་བ་དང་ཁྱབ་རྒྱ་ཆེ་བ། མགྱོགས་ཤིང་མྱུར་བ་བཅས་ཀྱི་གྲོས་མོལ་སྲིད་གླིང་གི་རྣམ་པ་གྲུབ་པར་བྱས། ཟབ་སྦྱོང་བྱེད་སྐབས་གཞུང་ལུགས་འགྲེལ་བཤད་དང་ཆེད་དོན་ཟུར་ཁྲིད། ཡུལ་དངོས་སློབ་ཁྲིད། འཕྲུལ་ཆས་གྱི་སྟེང་ནས་དངོས་སྦྱོང་བྱེད་པ། བརྗེ་རེས་བགྲོ་གླེང་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ། བརྙན་ལམ་ཚོགས་འདུའི་མ་ལག་དང་བརྙན་ལམ་ཚོགས་འདུའི་མ་ལག་གི་སྒྲ་ལམ་ཚོད་འཛིན། ཤེས་རབ་སྲིད་གྲོས་ཕྱོགས་བསྡུས་ལས་སྒོའི་ལས་སྟེགས། སྲིད་གྲོས་ཀྱི་དྲ་ཚིགས་གལ་ཆེན་འཛུགས་སྐྲུན་དང་སྲུང་སྐྱོབ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གསོ་སྦྱོང་བྱས་པ་བརྒྱུད། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་ཆ་འཕྲིན་ཅན་གྱི་ལག་རྩལ་ནུས་པ་ཆེ་རུ་བཏང་ནས། སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྲིད་གྲོས་ལས་ཁུངས་དང་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་འགན་ལེན་དང་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།