ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་འཚོགས་པའི་ཚུན་ལ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རྩ་འཛུགས་ལག་བསྟར་ནན་ཏན་དང་འཆར་འགོད་ཞིབ་ཚགས་བྱས་ནས་སྐུལ་འདེད་བཏང་བར་བརྟེན། སློབ་སྦྱོང་གི་གྲུབ་འབྲས་དེ་གསར་འབྱེད་ཡར་བརྩོན་གྱི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར།

གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རིག་སྟོབས་བསྐྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་སྡེ་ཚོགས་དང་མཁའ་འགྲུལ་བཟོ་ལས་སྡེ་ཚོགས། གོ་མཚོན་བཟོ་ལས་སྡེ་ཚོགས། ཀྲུང་གོ་གློག་ཚན་བཅས་ཀྱིས་མྱུར་མོར་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ནས། བརྗོད་དོན་སློབ་གསོ་དང་སློབ་སྦྱོང་རྩ་འཛུགས་ཞིབ་ཚགས་བྱས་པ་དང་། ཞིབ་ཀློག་དང་མཉམ་སྤྱོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ལ། སློབ་འབྲིང་དུ་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་མཉམ་སྤྱོད་བྱེད་གནས་བཙུགས་ཏེ། གནས་ལུགས་རྟོགས་པར་བྱེད་པ་དང་། དད་སེམས་དང་ཡིད་ཆེས་བརྟན་པོ་ཡོང་བར་བྱེད་པ། བརྗོད་དོན་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས།

བརྗོད་དོན་སློབ་གསོའི་ཁྲོད་དུ་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པ་ཕྱོགས་བསྡོམས་བཅས་བྱས།

ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀུང་ཟིས་བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི་གཏན་འབེབས་ནན་ཏན་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་གི་ཇུས་ཐག་གཅོད་པའི་ཆུ་ཚད་མཐོ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་ཁ་གསལ་བཟོ་བ་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དངོས་སྒྱུར་དམ་འཛིན་གང་ལེགས་བྱས་ཏེ། བརྗོད་དོན་སློབ་གསོའི་གནད་དོན་གལ་ཆེན་ཐག་གཅོད་དང་ལས་དོན་གལ་ཆེན་ལ་སྐུལ་འདེད། གྲུབ་འབྲས་གལ་ཆེན་འགྲུབ་པར་བྱེད་པ་བཅས་ཀྱི་ཐད་འགན་ལེན་ཏན་ཏིག་བྱས། རྒྱལ་ཁབ་སྦུག་དྲ་དོ་དམ་སྡེ་ཚོགས་དང་ལྷོ་ཕྱོགས་གློག་དྲ་ཀུང་ཟི། ཀྲུང་གོ་ཏ་ཐང་བཅས་ཀྱིས་ནུས་ཁུངས་བདེ་འཇགས་དང་ལྗང་མདོག་ཐཱན་ཉུང་། ཚུལ་སྒྱུར་འཕེལ་རྒྱས། རང་བརྟེན་གསར་གཏོད་སོགས་ལ་དམ་པོར་དམིགས་ནས་གཞི་གཅིག་ཅན་གྱི་རྟོག་ཞིབ་དང་གཞི་གཅིག་ཅན་གྱི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

མི་འདང་ས་འཚོལ་བ་དང་ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་སྟོན་བཅས་བྱས་པ་སྟེ། རྒྱལ་ཁབ་གློག་གི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དང་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་ལས་དོན་གྱིས་ལས་འགན་གཙོ་བོར་སྣེ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན་པར་བྱེད་པ་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་བྱ་བ་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་སོགས་ཀྱི་ཐད་ཤུགས་བསྣན་ནས། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ལེན་ཐུང་དང་ཀྲུང་གོ་འཁོར་སྐར་དྲ་བ་སྡེ་ཚོགས་ཀུང་ཟིས་གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་དང་། དམིགས་འབེན་ལ་དམ་པོར་དམིགས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཙིགས་སུ་འཛིན་པ། བརྗོད་དོན་སློབ་གསོའི་ཁྲོད་མི་འདང་ས་འཚོལ་བ་དང་ཧེ་བག་གསབ་པ། ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་དེ་མཁྲེགས་གཏོར་དཀའ་སེལ་གྱི་ནུས་པར་བསྒྱུར་བ་བཅས་བྱས་ནས། ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གསོན་ཤུགས་གསར་པ་ཞིག་གྲུབ་པར་བྱས།

བདེན་འཛིན་དངོས་གཉེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ་སྟེ། ཏུང་ཧྥུན་ཀུང་ཟི་དང་རྒྱལ་ཁབ་འཕྲུལ་ཆས་སྡེ་ཚོགས། ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་བཅས་ཀྱིས་བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་བྱ་སྤྱོད་ལ་ཕན་འབྲས་ཐོན་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།  པའོ་ཝུའུ་སྡེ་ཚོགས་དང་ཀྲུང་གོ་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ཁུངས་འགན་ལེན། རྒྱུ་ཆ་མཁོ་འདོན་འགན་ལེན་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞན་ཆ་འཚོལ་བ་དང་ཞན་ཆ་གསབ་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ནན་མོ་བྱས།

ཀྲུང་གོ་མཁའ་འགྲུལ་སྡེ་ཚོགས་དང་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། དམིགས་ཡུལ་ལག་ལེན་དུ་བསྟར་ནས་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ནས། འཐབ་ཕྱོགས་དང་པོ་རུ་རྟོག་ཞིབ་གཏིང་ཟབ་བྱས་ཏེ་འཛད་སྤྱོད་པའི་ཐོབ་ཚོར་ཆེ་རུ་བཏང་། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་དང་ལག་རྩལ་བཀོལ་སྤྱོད་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་གནས་ཚུལ་དངོས་རྟོག་ཞིབ་དང་བྱེད་ཐབས་དངོས་འདོན་པ། དཀའ་གནད་སེལ་བ་བཅས་ལ་ཤུགས་བསྣན་པ་དང་། ཏང་འཛུགས་དང་ཁེ་ལས་འཕེལ་རྒྱས། ལས་བཟོ་བའི་དཀའ་ཁག་དང་རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་མཉམ་དུ་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་བྱེད་ཐབས་ཇུས་འགོད་བྱས།

མགོ་ཁྲིད་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་སྟེ། ཀྲུང་གོ་འབྲུ་རིགས་གསོག་འཇོག་དང་རྒྱལ་ཁབ་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་ཇི་ལྟར་བྱས་ནས་དམ་འཛིན་ནན་མོ་བྱེད་པ་དང་ཏང་ཡོན་ཡོངས་ཀྱིས་ཇི་ལྟར་བྱས་ནས་དོན་འཁྱོལ་བྱེད་པ། གཙོ་གནད་བྱེད་ཐབས་ཇི་ལྟར་དོན་འཁྱོལ་བྱེད་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ། རང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་མགོ་ཁྲིད་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། ཀྲུང་གོ་ཧྭ་རུན་དང་ཀྲུང་གོ་ཧྲང་ཧྥེ་ཡིས་མྱུར་མོར་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། བརྗོད་དོན་སློབ་གསོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཁ་གསལ་བྱས་པ་དང་། ཇུས་འགོད་མཐོན་པོ་དང་ཚད་གཞི་མཐོ་བའི་ངང་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་ཀྱི་ཐད་འགན་ལེན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།