ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་སོ་གཅིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་བཀོད་སྒྲིག་དང་ཇུས་འགོད་བྱས་པ་དང་། སློབ་གསོའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་བའི་ཇུས་གཞི་ཞིབ་ཚགས་བཟོས་པ་དང་བྱ་བའི་མ་ལག་དང་བྱ་བའི་ལམ་སྲོལ་འཐུས་ཚང་བཙུགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དེ་གཙོ་གནད་དུ་བརྩིས་ཏེ་བརྗོད་དོན་སློབ་གསོ་མུ་མཐུད་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་བྱེད་པ་དང་། དོན་ཐོག་ཏུ་འབབ་པར་བྱེད་པ། སེམས་ནང་དུ་སིམ་པར་བྱེད་པ་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་།

གཞུང་ལུགས་སློབ་སྦྱོང་དང་བསམ་བློའི་སྦྱོང་བརྡར་དང་ལེན་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་ལ། བརྗོད་དོན་སློབ་གསོའི་བརྗོད་གཞིའི་ནང་དོན་ཡང་ཡིན། པེ་ཅིང་དགེ་འོས་སློབ་ཆེན་དང་ནུབ་བྱང་བཟོ་ལས་སློབ་ཆེན་སོགས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས “དགོངས་པ་སློབ་རྒྱུ”གཙོ་བོར་བརྩིས་ཏེ། སློབ་སྦྱོང་གི་དཔྱད་གཞིའི་རྒྱུ་ཆ་ཞིབ་ཀློག་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སློབ་གསོའི་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས།

ཀྲུང་ཧྲན་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཀྲུང་ནན་སློབ་ཆེན་སོགས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པའི་ཐད་འབད་བརྩོན་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཁྲོད་ནས་ཁ་ཕྱོགས་འཚོལ་བ་དང་དྲིས་ལན་འཚོལ་བ། བྱེད་ཐབས་འཚོལ་བ། འཇོན་མིའི་རང་བརྟེན་གསོ་སྐྱོང་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་ཕུགས་བསམ་བརྟན་གཏོང་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན། སློབ་གསོའི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར།

བན་དེ་སྐྱབས་ཀྱིས་བསྒྱུར།