རང་ཞིང་གི་གསར་འགྱུར་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས།
2023.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 77

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པའི་ཚུན་དུ། རང་ཞིང་གི་གསར་འགྱུར་ལས་ཁུངས་སོ་སོས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གཙོ་ཤུགས་དམག་དང་ཐབས་ལམ་གཙོ་བོ། གཡུལ་ས་གཙོ་བོ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་དམ་འཛིན་བྱེད་པའི་སྟེང་ཤུགས་བཏོན་པ་དང་། ཇུས་འགོད་བཟང་བོ་དང་བཀོད་སྒྲིག་ཞིབ་མོ་བྱས་ལ། རང་སོ་སོའི་བརྒྱུད་སྒྲོག་དགེ་མཚན་འདོན་སྤེལ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་ཆེད་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། བརྗོད་དོན་སློབ་གསོ་བཟང་བོར་སྤེལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྟེགས་བུ་སོ་སོས་དུས་ཐོག་ཏུ་པར་འགྲེམ་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་གི་འབྲེལ་ཡོད་རྩོམ་ཡིག་བརྒྱུད་སྤེལ་བྱས་ལ། མྱུར་དུ་གསར་འགོད་པ་དང་རྩོམ་སྒྲིག་པ་རྩ་འཛུགས་བྱས་ནས་སྤུས་ཚད་མཐོ་བའི་ཚུར་སྣང་རྩོམ་ཡིག་བྲིས་ཏེ། བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་རྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་སྨྱན་བྱད་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྒྲོག་སྤེལ་གྱི་གྲུབ་འབྲས་དང་གསར་གཏོད་བསམ་ཕྱོགས། ཁྱད་འཕགས་བྱེད་ཐབས་བཅས་སྔོག་འདོན་གཏིང་ཟབ་བྱས་ནས། སྨྱན་བྱད་ཡོངས་ཀྱིས་དྲིལ་སྒྲོག་བྱེད་པའི་སྣང་ཚུལ་གྲུབ་པར་བྱས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་པར་ངོས་གཙོ་བོ་རུ་སོ་སོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞེས་པ་དང་། དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་ཅེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས། དཔྱད་བརྗོད་པའི་མུ་འབྲེལ་རྩོམ་ཡིག་བཀོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བར་འགྲེལ་བཤད་ཟབ་མོ་བྱས་པ་དང་། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན་དྲིལ་སྒྲོག་ཟབ་མོ་བྱས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་བཀོད་སྒྲིག་དང་ཉམས་མྱོང་བྱེད་ཐབས། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་གྲུབ་འབྲས་དྲིལ་སྒྲོག་བཟང་བོ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་གཅིག་བསྡུས་སྒོས་བསྒྲགས་པར་མ་ཟད། བརྗོད་དོན་སློབ་གསོའི་ཉམས་མྱོང་དང་ཁྱད་ཆོས་བརྗེ་རེས་བྱེད་པའི་སྟེགས་བུ་རུ་གྱུར། མཚོ་སྔོན་ལྟ་ཞིབ་ཀྱི་མགྲོན་སྣེ་སོགས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཆེད་སྒྲིག་ལེ་ཚན་བཙུགས་ནས། བརྙན་རིས་ཐུང་བ་དང་ཁྱབ་བརྡ་སོགས་སྨྱན་བྱད་གསར་པའི་རྣམ་པ་སྣ་མང་བརྒྱུད་དེ་སྨྱན་བྱད་གསར་པའི་ཐོན་རྫས་བཟོ་སྐྲུན་བྱས་པ་དང་། སྐད་འཕྲིན་དང་པོད་ཕྲན་སོགས་སྟེགས་བུ་བརྒྱུད་དེ་ཁྱད་ཆོས་ལྡན་པའི་རྩོམ་ཡིག་མང་པོ་བཀོད་དེ། བརྗོད་དོན་སློབ་གསོ་དྲིལ་སྒྲོག་སྔར་ལས་བཟང་བོ་བྱས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཡོངས་སུ་ཁེབས་པ་དང་སྟེགས་བུ་མང་བ། རྒྱ་བོད་སྐད་གཉིས་ཟུང་འབྲེལ་གྱི་བརྒྱུད་སྒྲོག་དགེ་མཚན་འདོན་སྤེལ་བྱས་པ་དང་། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས། དྲིལ་སྒྲོག་གི་ཁ་གཏད་རང་བཞིན་དང་ཉེ་བཅར་རང་བཞིན། ཕན་འབྲས་རང་བཞིན་ཇེ་མཐོར་བཏང་བ་དང་། ཁྱད་ཆོས་མངོན་གསལ་དང་དགེ་མཚན་ཁ་གསབ་ཀྱི་དྲིལ་སྒྲོག་སྣང་ཚུལ་གྲུབ་པར་བྱས། མཚོ་སྔོན་གྱི་གསར་འགྱུར་མཉམ་སྒྲོག་དང་ཨ་མདོའི་གསར་འགྱུར་མཉམ་སྒྲོག མཚོ་སྔོན་གྱི་སྲིད་སྲོལ་ལས་སྲོལ་གྱི་ཐད་གཏོང་ལེ་ཚན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་མགྲོན་སྣེ་སོགས་དྲིལ་སྒྲོག་སྟེགས་བུ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞེས་པ་དང་། དགོངས་དོན་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་པ་ཞེས་པ་སོགས་ཀྱི་ཆེད་སྒྲིག་ལེ་ཚན་བཙུགས་ནས། ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་སུ་བསྒྱུར་བའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་སོགས་དྲིལ་སྒྲོག་བྱས་པ་དང་། རླུང་འཕྲིན་དང་བརྙན་འཕྲིན། དྲ་ཚིགས་བཅས་ཀྱིས་རང་སྟེང་གི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། ཆེད་སྒྲིག་ལེ་ཚན་དང་ཁ་བརྡ་ལེ་ཚན། ཆེད་དམིགས་ལེ་ཚན། ལྐུགས་བརྡའི་ཏང་གི་སློབ་ཁྲིད་ཆུང་བ། དྲ་ཐོག་ཐད་གཏོང་སོགས་ཀྱི་བརྩམས་ཆོས་སྒྲིག་བཟོ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་མང་ཚོགས་ཀྱི་སེམས་གཏིང་དུ་སིམ་པར་བྱས། ལེ་ཚན་མང་པོས་ཏང་ཨུ་དང་སྲིད་གཞུང་དང་མང་ཚོགས་ཀྱི་སེམས་སྦྲེལ་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས། གཅིག་བསྡུས་སྒོས་འབྲེལ་ཡོད་ལས་རིགས་དང་སྡེ་ཁག་གིས་བརྗོད་དོན་སློབ་གསོའི་ཁྲོད་མང་ཚོགས་ཀྱི་བྲེལ་དཀའ་སྒུག་ཁྲལ་གྱི་གནད་དོན་ཐག་བཅད་པའི་གནས་ཚུལ་མཚོན་པར་བྱས།

མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་དྲིལ་སྒྲོག་ལས་སྒོའི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། དྲིལ་སྒྲོག་གི་གནས་ཡང་དག་པར་བཙལ་བ་དང་། རང་འདེམས་བྱ་བ་ཡོངས་འགྲུབ་བྱས། མཚོ་སྔོན་གསར་འགྱུར་དྲ་རྒྱའི་པར་ངོས་དང་པོའི་གནས་གཙོ་བོ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་པ་དང་། རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་དགོངས་པ། སློབ་སྦྱོང་བརྙན་རིས། མཉམ་བསྲེས་སྨྱན་བྱད་ཀྱི་མཐོང་ཟུར་སོགས་ནས། དུས་ཐོག་ཏུ་ཀྲུང་དབྱང་གི་སྨྱན་བྱད་དང་ཞིང་ཆེན་གྱི་སྨྱན་བྱད་གཙོ་བོས་སྤེལ་བའི་བརྗོད་དོན་སློབ་གསོའི་རྩོམ་ཡིག་བརྒྱུད་སྤེལ་བྱས་ལ། དགོངས་དོན་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་ཅེས་པ་དང་། སློབ་སྦྱོང་གི་དུས་ཚོད་ཅེས་པ་སོགས་ཀྱི་ལེ་ཚན་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དྲིལ་སྒྲོག་བྱས། སློབ་བརྩོན་རྒྱལ་དར་གྱི་མཚོ་སྔོན་སློབ་སྦྱོང་སྟེགས་བུ་རུ་བརྗོད་དོན་སློབ་གསོའི་ལེ་ཚན་བཀོད་སྒྲིག་བྱས་པ་དང་། རབ་མཛེས་མཚོ་སྔོན་མགྲོན་སྣེ་རུ་རྒྱུན་མཐུད་ངང་མཚོ་སྔོན་གྱི་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོ་འདི་ལྟར་སྤེལ་ཞེས་པའི་ཆེད་སྒྲིག་ཁྱབ་བརྡ་སྤེལ་ནས། དུས་ཐོག་ཏུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་དྲིལ་སྒྲོག་བྱས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།