ཀྲང་ཧོང་ཡོན་ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་དང་རོང་འབྲོག་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོའི་བགྲོ་གླེང་གྲོས་ཚོགས་ལ་ཞུགས།
2023.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་ལྔ་པའི་ཚེས་བཞི་ཉིན། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་དང་རོང་འབྲོག་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡིས་མཉམ་འབྲེལ་སྒོས་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་པ་དང་། ན་གཞོན་ལས་བྱེད་པས་ནན་ཏན་གྱིས་སློབ་པ། བྱེད་དགོས་པ་དྲུག་གི་ལག་ལེན་བླང་བྱ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་བསམ་བློའི་ཏང་འཛུགས་ལ་དོ་སྣང་དང་། གཞུང་ལུགས་ཀྱིས་ཏང་སྟོབས་ལྡན་དུ་གཏོང་བའི་ཁྱད་ཆོས་མངོན་གསལ་ཅན་དང་གཟི་བརྗིད་ཀྱི་སྲོལ་རྒྱུན་ལ་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པ་རྒྱུན་འཁྱོངས་བྱས་ཏེ་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་དགོས། བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་གཞི་རྩའི་ལས་འགན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་བཅས་ཀྱི་སྟེང་ཤུགས་འདོན་པ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དམ་པོར་དམིགས་ཏེ། རང་ངོས་གསར་བརྗེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཞིབ་བཤེར་དག་ཐེར་བྱ་བ་ཏན་ཏིག་གིས་དམ་འཛིན་བྱེད་དགོས། རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་དུ་སློབ་པ། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། འབད་པ་ཆེན་པོས་ཆབ་སྲིད་བརྟན་པ་དང་འཇོན་ནུས་མཐོ་བ། ལས་འགན་ལྗིད་མོ་ཁུར་ཐུབ་པར་བྱས་ནས། ལས་དོན་ཁག་སོ་སོ་མདུན་དུ་བསྐྱོད་པ་དང་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲང་ཧོང་ཡོན་གྱིས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། རོང་འབྲོག་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམ་པོར་སྦྲེལ་ནས། གོང་འོག་རིམ་པ་བཞིན་འགན་འཁྲི་ནན་མོ་དང་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་བ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག  བྱ་བའི་ལག་ལེན། ཞིབ་བཤེར་དག་ཐེར་སོགས་འབྲེལ་མཐུད་མཉམ་བསྲེས་བྱེད་པ། དྲིལ་སྒྲོག་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་བརྟན་འགོག་བྱེད་པ། གཏན་འབེབས་དང་མཐུན་པར་བྱེད་པ། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། བརྗོད་དོན་སློབ་གསོའི་ལས་དོན་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

                                                                                         རིག་འཛིན་སྒྲོལ་མས་བསྒྱུར།