མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧུའེ་ཞིན་རྒྱུ་ནོར་དོ་དམ་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་སྔོན་དངུལ་ཁང་། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་ཁང་མཉམ་འབྲེལ་ཁང་། མཚོ་སྔོན་ཞིང་ཆེན་གཞུང་ལམ་ལྕགས་ཟམ་བཟོ་སྐྲུན་སྡེ་ཚད་ཚད་ཡོད་ཀུང་ཟི་བཅས་ཀྱིས་མྱུར་དུ་རྩ་འཛུགས་བྱས་ནས་སློབ་སྦྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྤྲོ་སེམས་ཆེན་པོས་གྲོས་སྡུར་དང་བརྗེ་རེས། བྱ་བའི་ལག་ལེན་ཁྲོད་ཞུགས་ལ། ཚང་མས་མཐའ་གཅིག་ཏུ། དགོངས་དོན་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ལ་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་པའི་ཚུལ་བསྟན།
མཚོ་སྔོན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ནས། བྱ་བ་སྣ་ཚོགས་བརྟན་བརླིང་ངང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་དང་སེམས་ཁུར་བྱེད་པའི་བྱ་བ་ཐག་གཅོད་རྒྱུ་དམིགས་འབེན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཞབས་ཞུ་བཟང་བོས་དོན་དངོས་བསྒྲུབ་པ་འདྲེན་བྱེད་དུ་བྱས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་བརྒྱུད་དེ། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་ཀུའུ་ཁྲིན་ཧོས་རིགས་ཡུལ་ཚོ་ཧྲི་པེ་སྡེ་བ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་བ་མ་སྡེ་བ་གཉིས་ཤན་ཤུགས་སྔར་ལས་ཆེན་པོ་ལྡན་པ་དང་དཔལ་འབྱོར་གྱི་ཡོང་སྒོ་སྔར་ལས་མཐོ་བ། འཕེལ་རྒྱས་ཀྱི་ནུས་སྟོབས་ཆེན་པོ་ལྡན་པའི་རང་ས་གནས་ཀྱི་བཟའ་བཏུང་དང་ཞིང་ལས་ཡུལ་སྐོར་ཚོང་རྟགས་སུ་འཛུགས་སྐྲུན་བྱས་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། བརྗོད་དོན་སློབ་གསོ་སྤེལ་བ་དང་ཀུང་ཟིའི་བྱ་བ་སྤེལ་བ་གཉིས་ཟུང་འབྲེལ་བྱས་པ་དང་། སློབ་སྦྱོང་དང་བྱ་བའི་བརྩེ་སེམས་དེ་དཀའ་ཁག་སེལ་བ་དང་ལས་གཉེར་ལས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས། ཀུང་ཟི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱས།
ཧུའེ་ཞིན་ཀུང་ཟིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ་བཅས་ཟུང་འབྲེལ་བྱས་པ་དང་། དེའི་ཁྲོད། ཚྭ་མཚོ་མེ་ལས་ཚད་ཡོད་ཀུང་ཟིས་བརྗོད་དོན་སློབ་གསོ་བྱ་བའི་བསམ་ཕྱོགས་དང་སྲིད་ཇུས་བྱེད་ཐབས་སུ་བསྒྱུར་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱས། ཚྭ་མཚོའི་ཡོན་ཕིན་རྫས་འགྱུར་བཟོ་གྲྭ་ཚད་ཡོད་འགན་ལེན་ཀུང་ཟིས་གསར་གཏོད་དང་ཕན་འབྲས་བསྐྲུན་པ་རྨང་གཞི་རུ་བྱས་པ་དང་། ཏང་འཛུགས་དང་ལག་རྩལ་ཆེད་དོན་འཛིན་གྲྭའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ལ། ཏང་འཛུགས་དང་བདེ་འཇགས་ཀྱི་གསུམ་ཅན་ལྔའི་ཚོང་རྟགས་ཀྱི་ཕན་ནུས་གསར་སྐྲུན་བྱས་ཏེ། བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་བརྗོད་དོན་སློབ་གསོ་ནན་མོར་སྤེལ། ཚྭ་མཚོའི་ཧའེ་ན་རྫས་འགྱུར་བཟོ་གྲྭ་ཚད་ཡོད་འགན་ལེན་ཀུང་ཟིས་ཏང་འཛུགས་དང་གསུམ་དྲུག་ལྔའི་མ་དཔེ་དང་ཏང་འཛུགས་དང་ཐོན་སྐྱེད་ཚོང་གཉེར་དཔྱད་གཞི། ཏང་ཀྲི་པུའུ་ཡི་ཚད་ལྡན་ཅན་གྱི་ཆེད་དོན་འགུལ་སྐྱོད་བེད་སྤྱོད་བཟང་བོ་བྱས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། བཅོས་སྒྱུར་ལ་བརྟེན་ནས་དབུལ་ཐར་བྱས་པའི་གྲུབ་འབྲས་གསར་བས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པར་སྐུལ་འདེད་བཏང་།
མཚོ་སྔོན་དངུལ་ཁང་ཏང་ཨུས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་པ་དང་། མགོ་ཁྲིད་ཚན་ཆུང་གིས་འགོ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་། གཞུང་སྒྲུབ་ཁང་གིས་གཅིག་འདོམས་མཉམ་འབྲེལ་བྱེད་པ། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ལག་བསྟར་ལ་ལྟ་སྐུལ་བྱེད་པ། ཏང་ཀྲི་པུའུ་སོ་སོ་ཟབ་ཞུགས་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས། བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གཏན་འབེབས་དང་འགྲེམ་སྤེལ་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ལས་འགན་གཙོ་བོ་སྣ་ཚོགས་ཇེ་ཞིབ་ཏུ་བཏང་སྟེ། གཏན་ཁེལ་བྱ་སྤྱོད་གཅིག་ཀྱང་མེད་མི་རུང་བ་དང་རང་འདེམས་བྱ་སྤྱོད་དངོས་གཉེར་གོ་ཆོད་ཡོང་བར་བྱས། ཏང་འཛུགས་དང་ཚོང་གཉེར་གཉིས་མཉམ་བསྲེས་བྱས་པ་དང། ལས་རིགས་ཡོངས་ཀྱི་འཐབ་ཇུས་འཆར་འགོད། ཚོང་གཉེར་ཚུལ་སྒྱུར་འཕེལ་རྒྱས། དངུལ་རྩའི་ཉེན་ཁ་འགོག་སྡོམ། ལས་བཟོ་བའི་བྲེལ་དཀའ་ཁྲལ་སྒུག་དང་དངུལ་རྩའི་འཛད་སྤྱོད་པའི་དགོས་མཁོ་སོགས་ཕྱོགས་ན་གནས་པའི་གནད་དོན་དང་ཞན་ཆ། མི་འདང་སར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གི་ཁ་ཕྱོགས་ཀྱི་གསལ་ཁྲ་བཙུགས་པ་དང་། དེའི་ཁྲོད་འདུ་བའི་བརྟག་དཔྱད་ཁ་ཕྱོགས་བཞི་བཅུ་གཏན་ཁེལ་གསལ་བོ་བྱས་ཏེ། བརྗོད་དོན་སློབ་གསོ་གོ་རིམ་ལྡན་པ་དང་ཕན་པ་ལྡན་པའི་སྒོ་ནས་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱས།
ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུས་བདེན་དངོས་སྤྱོད་ཕན་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར། དངོས་སུ་ཐོས་བསམ་སྤྱོད་གསུམ་སྟེང་ཤུགས་བཏོན་ནས། ཧུར་ཐག་གིས་བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དངུལ་རྩའི་དགོས་མཁོར་དམིགས་ནས། ལས་ཁུངས་ཡོངས་ཀྱི་གསུམ་དྲུག་གཅིག་གི་དྲ་བ་དང་ས་ཚིགས་དང་ཞིང་ཕན་དངུལ་རྩའི་ཞབས་ཞུའི་གཅིག་གྱུར་དོ་དམ་སྟེགས་བུ། གཞི་གཉིས་མཉམ་འབྲེལ་གཞུང་སྒྲུབ་ཁང་བཅས་ཀྱི་གནས་མང་གཞི་ཆེའི་དགེ་མཚན་འདོན་སྤེལ་བྱས་ཏེ། དངུལ་རྩའི་ཞབས་ཞུ་ཡིས་རྒྱ་ཆེའི་རྫོང་ཁོངས་ཀྱི་གྲོང་སྡེ་ལ་ཕན་འདོགས་ཐུབ་པར་བྱས་པ་དང་། རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད།
མཚོ་སྔོན་ལམ་ཟམ་སྡེ་ཚོགས་ཏང་ཨུས་བརྗོད་དོན་སློབ་གསོའི་རྩ་བའི་ལས་འགན་ལ་དམིགས་པ་དང་ཁེ་ལས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་མཚོ་སྔོན་གྱི་ལམ་ཟམ་སྡེ་ཚོགས་དང་ཁོངས་གཏོངས་ཁེ་ལས་སོ་སོས་བརྟག་བཤེར་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་གཞི་གཏན་འབེབས་བྱས་པ་དང་། སྡེ་ཚོགས་ཀྱི་ཐོན་སྐྱེད་ཚོང་གཉེར་གྱི་གནས་ཚུལ་དངོས་ལ་དམིགས་ནས། ཡུན་རིང་བོར་གནས་པའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་གནོད་བྱེད་པའི་མངོན་སུམ་གནད་དོན་དང་ལས་བཟོ་བའི་དགོས་མཁོ་དང་རེ་སྒུག་ལ་རྐང་བཙུགས་པ་དང་། རྟོག་ཞིབ་ཀྱི་ཁ་ཕྱོགས་དང་རྟོག་ཞིབ་ཀྱི་ནང་དོན་གཏན་ཁེལ་གསལ་བོ་བྱས་ལ། རྟོག་ཞིབ་ཀྱི་རྒྱུད་རིམ་དང་དུས་བཅད་ཇེ་ཞིབ་ཏུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཐག་བཅད། འཕྲོ་རིམ་འཕྲོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། གཞི་རིམ་གྱི་ལས་གཞི་པུའུ་ལ་ཁ་ཕྱོགས་ནས་བརྟག་བཤེར་ཞིབ་འཇུག་ཐེངས་གསུམ་ལ་སྤེལ་བ་བ་དང་། ལས་གཞིའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་གནད་དོན་ཡང་དག་འཚོལ་བར་ཁག་ཐེག་བྱས་ཏེ། ལས་གཞི་སྤུས་འདེགས་ནུས་སྤེལ་བྱེད་ཆེད་རྨང་གཞི་བཏིངས།
རིན་ཆེན་མཚོས་བསྒྱུར།