ཉེ་ལམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། བྱ་བ་དོན་འཁྱོལ་བྱེད་པར་ཞིབ་འཇུག་དང་དབྱེ་ཞིབ་བྱས།
གྲོས་ཚོགས་སྟེང་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་སྟེང་གཅིག་གྱུར་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱས་ཏེ་བརྟན་ཐོག་ཡར་འཕེལ་རྒྱས་ཀྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་ཞུ་བསྒྲུབ་ནས་དཔལ་འབྱོར་སྤུས་ཚད་ཕན་འབྲས་མཐོར་འདེགས་དང་ཐོན་ཚད་ལུགས་མཐུན་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཇེ་དྲག་ཏུ་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་སླར་གསོ་དང་དགོས་མཁོ་རྒྱ་བསྐྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོལ་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱས་ནས་བདེ་འཇགས་ཐོན་བསྐྱེད་དམ་འཛིན་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ལས་འགན་ཁག་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་དུས་རབས་གསར་བའི་ལོ་བཅུའི་ཕྱོགས་ཡོངས་དང་རིམ་པ་ཟབ་མོ། གཞི་རྩའི་རང་བཞིན་གྱི་བཅོས་སྒྱུར་ཐད་ཀྱི་ལོ་རྒྱུས་རང་བཞིན་དང་གསར་བརྗེ་རང་བཞིན། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་ཡང་དག་ལེན་དགོས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བ་དེ་ཀྲུང་གོའི་ལུགས་ཀྱི་དེབ་རབས་ཅན་གྱི་མཚོ་སྔོན་གསར་བའི་ལག་ལེན་གྱི་རྩ་བའི་སྒུལ་ཤུགས་སུ་བྱས་ནས་བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་པར་བཙལ་བ་དང་དམིགས་འབེན་ལས་འགན་ཁ་གསལ་བཟོ་བ། བཅོས་སྒྱུར་ལས་འགན་གལ་ཆེན་གྱི་དཀའ་གནད་ལས་སྒྲོལ་བར་དམ་འཛིན་བྱེད་པ། བཅོས་སྒྱུར་རྟོག་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་པ། བཅོས་སྒྱུར་དང་དམ་འཛིན་དོན་འཁྱོལ་ཡོང་བར་ནུས་ཤུགས་བཏོན་ནས་བློ་བརྟན་འགྱུར་ངང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐད་ཀྱི་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་རང་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཆད་ནོར་མེད་པར་དོན་ཐོག་ཏུ་འཁྱོལ་བ། ཆེད་དོན་སློབ་གསོའི་བཅོས་སྒྲིག་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཁྲོད་འཇོག་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་སློབ་གསོ་ཟབ་མོ་ཐོབ་པར་བྱེད་པ། བསམ་བློའི་ནོར་བ་ལེགས་བཅོས་བྱེད་པ། བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པ། གནད་འགག་དམ་འཛིན་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། དཔེ་གཞི་མེ་ལོང་དུ་འཛིན་པ་དང་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་མ་ལག་གི་སྤྱོད་ལམ་འཛུགས་སྐྲུན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་དེའི་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་སྐོར་གྱི་བྱེད་ཐབས་འགའ་ཞེས་པར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཡུན་རིང་ནུས་ལྡན་གྱི་སྒྲིག་སྲོལ་ནན་མོར་བརྩི་བ་དང་། ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་མཐའ་གཅིག་ཏུ་ནན་འཛིན་བྱེད་པ། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་བཞི་ལེགས་བཅོས་བྱེད་པ་དང་རྣམ་པ་གསར་བ་སྐྲུན་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་འཛིང་རགས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ལིན་ཧུའུ་དང་ཏང་ཙུའུ་ཁོངས་མི་ཚེ་རིང་ཐར། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡཱ། ཧུ་ལུའུ་ཁྲུན། སུའུ་ཆོན་རིན་བཅས་གྲོས་ཚོགས་ལ་ཞུགས།
མི་ཕམ་མགོན་པོས་བསྒྱུར།