སློབ་སྦྱོང་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་དགོས།
2023.05.06 ཁུངས། ཀློག་གྲངས། 110

ཞིན་ཧྭ་གསར་འགྱུར་ཁང་གིས་སློབ་གསོ་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད། 

དེང་སྐབས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཁྱད་ཆོས་གཙོ་བོ་ནི། སློབ་གསོ་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་དགོངས་དོན་སློབ་པ་དང་ལག་བསྟར་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩལ་ནུས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྩལ་ནུས། ཉེན་ཁ་འགོག་སེལ་གྱི་རྩལ་ནུས་བཅས་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། སྤྲོ་སེམས་ཆེན་པོས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུ་དེ་རེད།

ཤེས་པ་ལག་ལེན་ལས་བསྐྱེད་ཅིང་། ། ལག་ལེན་ཤེས་པས་འགྲུབ་པར་བྱེད། ། ཅེས་པ་བཞིན་དུ་གཞུང་ལུགས་བཀོལ་ན་ད་གཟོད་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་ཐུབ་ཅིང་། འཇིག་རྟེན་ལ་སྒྱུར་བཀོད་བྱས་ཚེ། ད་གཟོད་གཞུང་ལུགས་ཀྱི་སྟོབས་ཤུགས་མངོན་པར་བྱེད་ཐུབ། ཐེངས་འདིའི་བརྗོད་དོན་སློབ་གསོའི་སྤྱི་བླང་བྱ་ནི། དགོངས་དོན་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཡིན་ལ། རྩ་བའི་ལས་འགན་ནི། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོ་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་ནས། ཏང་ཡོངས་ཀྱིས་དུས་ནམ་ཡང་གཅིག་གྱུར་གྱི་བསམ་བློ་དང་འགྱུར་མེད་ཀྱི་འདོད་བློ། མཐུན་སྦྱོར་གྱི་འགུལ་སྐྱོད། སྟོབས་ལྡན་གྱི་འཐབ་ཤུགས་བཅས་སྲུང་འཛིན་བྱས་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་དུ་ངེས་དོན་གྱི་གྲུབ་འབྲས་ལེན་རྒྱུ་དེ་རེད།

གཞུང་ལུགས་ནི་ལག་ལེན་གྱི་ཁྲིད་སྟོན་ཡིན། སློབ་གསོ་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་ན། ཧུར་ཐག་གིས་སློབ་སྦྱོང་གཙོ་སྙིང་དུ་འཛིན་དགོས། གཞུང་ལུགས་སློབ་སྦྱོང་ནི་ཐེངས་འདིའི་བརྗོད་དོན་སློབ་གསོའི་གཙོ་སྙིང་བྱས་ཏེ། བྱེད་ཐབས་ཚང་མ་གཙོ་སྙིང་འདིའི་མཐའ་བསྐོར་ནས་སྤེལ་དགོས། སློབ་སྦྱོང་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་ན། ཐོག་མར་སློབ་སྦྱོང་གནས་མགོ་བརྩམས་ཏེ་བསླབ་ནས་བློ་སྦྱོང་བྱེད་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཟབ་སྒྱུར་དང་ནང་སྒྱུར། སྤོར་སྒྱུར་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་སྟེ། བསམ་བློའི་སྟེང་ནས་གཞི་རྩ་སྒྱུར་བཅོས་དང་གཞི་བརྟན་བས་འཕེལ་ཡོང་བར་བྱས་ཏེ།  དད་སེམས་ཀྱི་རྨང་གཞི་བརྟན་འཛུགས་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློ་ཡི་ཁ་ཕྱོགས་བརྟན་འཛིན་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་རྣམས་ཀྱིས་ཐོས་བསམ་སྤྱོད་གསུམ་ཟབ་མོར་སྤེལ་བ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞི་རྩའི་ལྟ་བ་དང་ཚན་རིག་མ་ལག་ལ་ཕྱོགས་ཡོངས་ནས་མ་ལག་ལྡན་པའི་གོ་བ་ལེན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩལ་ནུས་ངེས་པ་དོན་གྱིས་རྒྱུད་ལ་འབྱོར་བར་བྱས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས།

གཞུང་ལུགས་ཀྱི་རིན་ཐང་ལག་ལེན་གྱི་སྟེང་དུ་ཡོད། སློབ་གསོ་དང་ལག་ལེན་གཉིས་ཀ་དམ་འཛིན་དང་གཉིས་ཀར་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་ན། ཧུར་ཐག་གིས་བཀོལ་སྤྱོད་ཁྲིད་སྟོན་དུའང་འཛིན་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་གཞུང་ལུགས་དང་དོན་དངོས་ཟུང་སྦྲེལ་གྱི་མར་ཁེ་སི་རིང་ལུགས་ཀྱི་སྤྱོད་ཚུལ་དར་སྤེལ་ཆེན་པོ་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་ལག་ལེན་གྱི་ཁྲིད་ཕྱོགས། དགོས་མཁོའི་ཁྲིད་ཕྱོགས་བཅས་ཇེ་དྲག་ཏུ་བཏང་ནས། བྱ་བའི་དོན་དངོས་དང་བསམ་བློའི་དོན་དངོས་ལ་ཟུང་སྦྲེལ་དམ་པོ་བྱས་ཏེ། དངོས་སུ་སློབ་སྦྱོང་གི་ཕན་འབྲས་དེ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་རང་རྟོགས་མཐོན་པོ་རུ་འགྱུར་བར་བྱེད་དགོས་ལ། རང་འཁྲིའི་བྱ་བ་བཟང་བོར་སྒྲུབ་པ་དང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དེའི་ཁྲོད་ཀྱི་འགོ་ཁྲིད་བྱེད་ཐབས་དང་། བསམ་བློ་གཏོང་སྟངས། བྱ་བ་སྒྲུབ་ཐབས་བཅས་ལ་བྱང་ཆ་ལྡན་པར་བྱས་ནས། ངེས་པ་དོན་གྱིས་དགོངས་པ་སློབ་པ་དང་ལག་ལེན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་དངོས་འབེབ་དམ་འཛིན་བྱེད་པ། ལས་གནས་ལ་རྐང་བཙུགས་ཏེ་བྱས་རྗེས་འཇོག་པ་བཅས་བྱེད་དགོས།

ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱས་ན། ད་གཟོད་ཤེས་པ་རྒྱུད་ལ་ཟབ་མོར་འབྱོར་ཞིང་།  ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ན། ད་གཟོད་ཟབ་སྦྱོང་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་པར་བྱེད་ཐུབ། བརྗོད་དོན་སློབ་གསོའི་ཁྲོད་དུ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་རྣམས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ནས། ནམ་ཡང་གཡེལ་བ་མེད་པའི་འགན་འཁྲིའི་འདུ་ཤེས་དང་། ཁག་ཁུར་འབད་བརྩོན་གྱི་ཟུངས་ཤུགས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་ནུས་བཟང་བོར་སྒྲུབ་པ་དང་། འགན་འཁྲི་དོན་འཁྱོལ་བཟང་བོ་བྱས་ནས། སྣང་ཚུལ་གསར་པ་དང་འབད་བརྩོན་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་པ་དང་། འཐབ་རྩོད་དྲག་པོར་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་ལམ་གསར་པ་བཏོད་དགོས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།