ཟླ་ལྔ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ན་གཞོན་ལས་བྱེད་པའི་བརྗོད་དོན་སློབ་གསོའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ་བརྗོད་དོན་སློབ་གསོ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་སེམས་ཤུགས་གཅིག་བསྡུས་དང་བླ་སྲོག་བསྐྲུན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་སྔོན་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཚོགས་ཐོག་ཏུ། ན་གཞོན་ལས་བྱེད་པ་བཞི་ཡིས་མི་སྒེར་གྱི་ལོ་རྒྱུས་དང་རང་འགན་ལས་རྐང་ལ་ཟུང་འབྲེལ་བྱས་ནས། རང་འགན་བྱ་བ་བཟང་བོར་བསྒྲུབ་པའི་བསམ་གཞིགས་དང་ངོས་འཛིན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
ཚོགས་ཐོག་ནས་བསྟན་དོན། ན་གཞོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་བྱེད་པ་དང་། དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་སྟོབས་ལྡན་དུ་བསྒྱུར་བ། ལག་ལེན་ལ་དོ་སྣང་བྱེད་པ། བྱས་རྗེས་གསར་བ་འཇོག་པའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱེད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་བློ་རྩ་བརྟན་པོ་དང་རང་རྟོགས་བརྟན་པོ་འཛུགས་དགོས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཏང་ལ་བློ་དཀར་བར་བྱེད་པ་དང་ཏང་གི་ལས་དོན་གྱི་ཆེད་དུ་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་ལག་བསྟར་བྱེད་པའི་འགན་འཁྲི་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ལག་ལེན་དང་གསར་གཏོད་མངོན་པར་བྱེད་དགོས། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་བརྟེན་ནས་རང་སྟེང་འཛུགས་སྐྲུན་གྱི་ནུས་པ་དང་འཇོན་ཐང་ཇེ་མཐོར་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།