མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།
2023.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་རུ་བདམས།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་བདུན་པ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་བྱས་ནས་བདེན་འཛིན་དངོས་གཉེར་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་བ་བཞག

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ་དང་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། གྲུབ་འབྲས་དངོས་ལ་དོ་སྣང་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་དངོས་གཉེར་གྱི་བྱ་བའི་བྱེད་ཐབས། སྒྲིག་ལམ་སྤྱོད་ཚུལ་གཟབ་མོར་བརྟེན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དེ་བརྗོད་དོན་སློབ་གསོའི་ངེས་འདེམ་བྱ་བར་བརྩི་བ་དང་། གནད་དོན་གྱི་ངོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ། ཞིབ་སྡུར་ཞིབ་བཤེར་དམ་འཛིན་འཛིན་བྱས་ཏེ། དཔེ་གཞི་མེ་ལོང་དུ་བྱེད་པའི་བསམ་བློའི་རང་རྟོགས་དང་དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས། དཔེ་གཞིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ནས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་བཏོན་ནས། ལས་བཟོ་བ་དང་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཏང་གིས་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ལྟ་བའི་ནུས་པ་འདོན་སྤེལ་བྱེད་དགོས། ཞབས་ཞུའི་ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཤུགས་སྣོན་པའི་སྟེང་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱས་རྗེས་འཇོག་ཆེད་བཟོ་ཚོགས་ཀྱི་སྟོབས་ཤུགས་འབུལ་དགོས། ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཞབས་ཞུ་ལ་ཤུགས་སྣོན་པའི་སྟེང་ཤུགས་བཏོན་ནས། ལས་བཟོ་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྟེང་ཤུགས་བཏོན་ནས། རྩ་འཛུགས་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་གཡུལ་ས་འཛུགས་སྐྲུན་བྱེད་པ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།