ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2023.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་པའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཉམ་དུ་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་གི་སློབ་གྲྭ་ནས་བསྡུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་ནས་ཐོན་པའི་སྲིད་གྲོས་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བཅས་མི་བཞི་ཅུ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞིའི་འགན་སྒྲུབ་དགོས་མཁོ་གཅིག་སྡུད་དང་། ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་དང་ས་གནས་གཞན་གྱི་གསོ་སྦྱོང་དང་ཟུང་འབྲེལ།ཉམས་མྱོང་བསྡུ་ལེན།  གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས། ཆེད་དོན་ཁྲིད་སྟོན་དང་ཡུལ་དངོས་གསོ་སྦྱོང་། བརྗེ་རེས་གྲོས་སྡུར་སོགས་ཀྱི་རྣམ་པ་སྣ་མང་གིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་དང་ལག་ལེན། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་བསྐྲུན་པ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱེད་པ་གཙོར་བཟུང་སྟེ། གསོ་སྦྱོང་ལ་ཞུགས་མཁན་ཚོས་སྤྱི་ཡོངས་འདུ་ཤེས་དང་འཕེལ་རྒྱས་ཀྱི་གཞུང་ལུགས་བརྟན་པོར་འཛུགས་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་ཚད་མཐོའི་གཅིག་གྱུར་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་དང་ལས་གཉེར་ཤེས་བྱ་དེ་འགན་འཁྲི་ལེགས་པོར་སྒྲུབ་པའི་དོན་དངོས་ནུས་པར་སྒྱུར་བ་དང་། འགན་སྒྲུབ་ནུས་པ་དང་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། དུས་རབས་གསར་བའི་སྲིད་གྲོས་བྱ་བ་ཡག་པོར་སྒྲུབ་པར་རྨང་གཞི་བརྟན་པོ་བཏང་།

                                                                                                     རིག་འཛིན་སྒྲོལ་མས་བསྒྱུར།