ཉིན་འགའི་སྔོན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་བཅུ་བཞི་ཡིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། ཉིས་སྟོང་ཉེར་གསུམ་ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོར་བཀོད་སྒྲིག་བྱས། བརྡ་ཐོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་པ། ཏང་གི་གསར་གཏོད་རགཞུང་ལུགས་དྲིལ་སྒྲོག་བྱེད་པ།བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་སྔར་ལས་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི་རིག་གནས་མཁོ་སྤྲོད་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་དགོས་མཁོར་སྔར་ལས་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད། བརྡ་ཐོའི་ནང་ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དངོས་ཕན་དོན་གཉེར་བྱས་ཏེ། གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱེད་སྒོ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས། གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱེད་སྒོ་དེ་གཏིང་ཟབ་དང་རྒྱ་ཆེ་རུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།