ཟླ་ལྔ་པའི་ཚེས་བརྒྱད་ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་བདུན་པ་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད་དང་། འཇིག་རྟེན་ལྟ་བ། བྱེད་ཐབས་སྨྲ་བའི་ཆེད་དོན་བསྡུས་སྒྲིག་དང་། ཞི་ཅིན་ཕིང་གི་བརྩམས་ཆོས་འདེམ་ཀློག་ཞེས་པའི་ལེ་ཚན་ཁ་ཤས་བཅས་ཞིབ་ཀློག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཏུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་དགོངས་དོན་གལ་ཆེན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུངས་བཤད་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་རིམ་པ་ལྔའི་དམངས་ཆེན་འཐུས་མིའི་བཞུགས་མོལ་ཚོགས་འདུ་དང་ཀྲུང་གུང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུངས་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མིན་གྱིས་མགོ་འཛིན་བྱས་ཏེ་བླང་བྱ་བཏོན། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ཕྱོགས་ལ་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། བསམ་བློའི་ངོས་ཟིན་མཐོ་རུ་གཏོང་བ་དང་བྱེད་ཐབས་ཞིབ་ཚགས་ནན་མོ་བྱེད་པ། དངོས་འབེབས་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ། དོན་དངོས་དང་ཟུང་འབྲེལ་བྱེད་པར་ཤུགས་འདོན་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པའི་བསམ་ཕྱོགས་གསར་བ་དང་། གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ལེགས་ཤས་སུ་བསྒྱུར་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་གཞུང་ལུགས་ཀྱི་གཞི་རྩ་བརྟན་པོར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ལས་ཁུངས་ཏང་ཙུའུ་ཡི་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བྱ་བའི་ཇུས་གཞི་ལ་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་དོན་དངོས་འགུལ་སྐྱོད་དུ་བྱེད་པ་དང་། གནད་དོན་དག་ཐེར་ལ་ཤུགས་སྣོན་གང་ལེགས་བྱས་ཏེ། བྱེད་ཕྱོགས་འཛུགས་སྐྲུན་གྱི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། བརྗོད་དོན་སློབ་གསོ་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ། ཞིབ་བཤེར་ཞིབ་འཇུག་སོགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་གཅིག་འདོམས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།