ཟླ་ལྔ་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏར་དྲག་ཆར་གྱི་གནོད་འཚེ་བྱུང་བའི་ཐད་ནས་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མའེ་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ཉེ་ལམ་རུ་ཝང་ཏའི་ས་ཆ་མང་པོར་དྲག་ཆར་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅིང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཟབ་མོས་ཞུས་པ་ཡིན་ལ། འདས་པའི་ཁྱིམ་མི་དང་རྨས་མ། གནོད་ཐེབས་ས་ཁུལ་གྱི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། རུ་ཝང་ཏས་མིག་སྔའི་དཀའ་ངལ་ཁྱད་དུ་སེལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།