ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་ལྔ་པའི་ཚེས་དགུ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བདུན་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པ་དང་། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པའི་ཆོད་དོན་འཆར་ཟིན་གྱི་གྲོས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ཡར་སྐུལ་སྲོལ་ཡིག་གི་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་གི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ་དང་། ཟི་ལིང་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་གཏན་འབེབས་བཟོ་བཅོས་སྲོལ་ཡིག་དང་།    ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་བཟོ་བཅོས་སྲོལ་ཡིག  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅིག་སྤྱོད་འགྱིག་རྫས་དོ་དམ་སྲོལ་ཡིག་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚོད་བསྟུན་སྒྱུར་གཏན་འབེབས་ལག་བསྟར་བྱས་པའི་ཞིབ་བཤེར་གནས་ཚུལ་བཅས་ཀྱི་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱིམ་བྱའི་རིམས་འགོག་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་ཐག་གཅོད་གནས་ཚུལ་གྱི་སྙན་ཞུ་བཅས་ལ་རིམ་པ་བཞིན་ཉན།

གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤེལ་བའི2023ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་དང་ཡོང་སྒོ་དང་འགྲོ་སོང་ལེགས་སྒྲིག་འོས་འཚམ་བྱེད་པའི་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་སྙན་ཞུའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མིར་ཞིབ་བཤེར་བྱས་པའི་གནས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་གྲ་སྒྲིག་དང་ཆེད་དོན་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་གནས་ཚུལ་གྱི་སྙན་ཞུ་དང་། མི་དོན་བསྐོ་འཐེན་གྲོས་གཞིའི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ལས་གོང་གི་གྲོས་གཞི་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ལས་ད་དུང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་འབྲེལ་འདྲིས་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་ཚུལ་རེ་འགའི་སྙན་ཞུ་ལ་ཉན་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                རིག་འཛིན་སྒྲོལ་མས་བསྒྱུར།