ཝང་དབྱི་ཡིས་དབྱི་ལང་གི་རྒྱལ་ཁབ་ཁེ་ཕན་གཏན་ཁེལ་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
2023.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 126

ཟླ་ལྔ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ་དྲུང་ཡིག་ཆེན་མོ་ཙུའུ་ཨར་ཅ་ཏི་ཨར་གྱི་སྣེ་ཁྲིད་པའི། དབྱི་ལང་གི་རྒྱལ་ཁབ་ཁེ་ཕན་གཏན་ཁེལ་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།

ཝང་དབྱི་ཡིས་ཀྲུང་གོ་དང་དབྱི་ལང་གི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀས་རང་སོ་སོའི་ཁེ་ཕན་གཙོ་བོ་སྲུང་སྐྱོབ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་བྱེད་འདོད་ཡོད། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་བྱས་ནས། ལས་དབང་རང་ལག་ཏུ་ཏུ་འཛིན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། སི་རི་ཡ་ཨ་རབ་མནའ་འབྲེལ་གྱི་ཁྱིམ་ཚང་ཆེན་མོའི་ཁྲོད་ཕྱིར་ལོག་པར་དགའ་བསུ་ཞུས་པ་ཡིན། དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

ཙུའུ་ཨར་ཅ་ཏི་ཨར་གྱིས་དབྱི་ལང་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།