ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་བདེན་དོན་ལ་དམིགས་ནས་དགོངས་པ་སློབ་པ་དང་། དོན་དངོས་དམིགས་ནས་ཏང་གཤིས་བསྐྱེད་པ། དངོས་སྒྲུབ་ལ་དམིགས་ནས་ལག་ལེན་འཛིན་པ། ཕན་འབྲས་ལ་དམིགས་ནས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། གཞུང་ལུགས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། རྟག་དཔྱད་ཞིབ་འཇུག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཕྱོགས་ལྔའི་བྱ་བ་གཙོར་བཟུང་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། འབད་པ་ཆེན་པོས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་རྨང་གཞི་ཇེ་བརྟན་དང་སྤུས་འདེགས་ནུས་སྤེལ་བྱས།
ཞིང་ཆེན་མཉམ་འབྲེལ་ཁང་ཏང་ཨུས་ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ཏེ་ཚང་མས་མ་རྩོམ་ཀློག་པ་དང་གཞུང་ལུགས་རྟོགས་པར་བྱེད་རྒྱུ་དེ། ལས་རིགས་ཀྱི་ངོ་བོ་དང་ལས་གནས་དང་འབྲེལ་ནས་ཁ་གཏད་རང་བཞིན་གྱིས་སློབ་སྦྱོང་བྱས་ལ། བྱ་བའི་དོན་དངོས་དང་མཐུན་པར་བྱས་ཏེ། ཀ་བཞི་གདུང་བརྒྱད་ལྟ་བུའི་རྫོང་ཁོངས་དངུལ་ཁང་གི་དོ་དམ་མཚན་ཉིད་རིག་པ་དང་དོ་དམ་བློ་གྲོས་འཚོལ་ཞིབ་ཅེས་པའི་ཆེད་ལས་དཔེ་ཆ་སློབ་སྦྱོང་ནང་དོན་དུ་བཞག་པ་དང་། ཁྱད་ཆོས་ལྡན་པའི་སློབ་སྦྱོང་རྣམ་པ་འཚོལ་ཞིབ་བྱས་ཏེ། དཔེ་ཀློག་འཛིན་གྲྭ་དང་ཆེན་དམིགས་ཏང་གི་སློབཁྲིད། བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་མང་པོ་དང་ཟུང་འབྲེལ་བྱས་ནས། གཞུང་ལུགས་སློབ་སྦྱོང་བྱས་ནས་གོ་དོན་མཐིལ་རྟོགས་བྱེད་པར་སྐུལ་འདེད་བཏང་། དུས་མཉམ་དུ། གནད་དོན་ལ་ཞིབ་བཤེར་བྱེད་པ་དམ་འཛིན་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་སྤུས་ཚད། ནུས་ཚད་འཇོན་ཐང་། ཁག་ཁུར་བྱེད་ཕྱོགས། བྱ་བའི་བྱེད་ཕྱོགས། སྤྱོད་གཙང་རང་གཅུན་སོགས་ཕྱོགས་དྲུག་ལ་དམིགས་ནས་གནད་དོན་ཞིབ་བཤེར་བྱས་ལ། གསལ་ཁྲ་གྲུབ་པར་བྱས་པ་དང་རྩིས་ཐོ་བཙུགས་ནས། བསམ་གཞིགས་གཏིང་ཟབ་དང་དག་ཐེར་ཤུགས་ཡོད་བྱས།
སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁེ་ལས་ལ་རོགས་རམ་དང་དྲོད་ཁོལ་སྐྱེལ་བ་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་རང་འགུལ་གྱི་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱས། གྲངས་ལྡན་རིམ་སྤོར་དང་། བདག་གཉེར་རྐྱེན་སྲོལ་བཅོས་སྒྱུར། བརྒྱུད་རིམ་བཅོས་སྒྲིག་སོགས་ཀྱི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁེབས་རྒྱ་ཆེ་བ་དང་རྒྱུན་མཐུད་ཐུབ་པ། ཀུན་ཕན་རང་བཞིན། གྲངས་ལྡན་དང་ཁྱད་ལྡན་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་བཙུགས། དངུལ་རྩའི་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། ཉེན་ཁའི་དོ་དམ་རྐྱེན་སྲོལ་སྔར་ལས་ལེགས་པོར་བསྒྱུར། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དངུལ་རྩའི་དགོས་མཁོར་དམིགས་ཏེ། མ་ལག་ཡོངས་ཀྱི་དྲ་གནས་སུམ་རྒྱ་རེ་གཅིག་དང་། དམངས་ཕན་དངུལ་རྩའི་ཞབས་ཞུའི་གཅིག་གྱུར་དོ་དམ་སྟེགས་བུ་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། དངུལ་རྩའི་ཞབས་ཞུས་རྫོང་ཁོངས་ཀྱི་ཞིང་སྡེ་ཡོངས་ལ་ཕན་འབྲས་ཐོན་པར་བྱས།
ཕན་འབྲས་དངོས་ཐོན་རྒྱུ་དེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ཏེ། རང་འགུལ་གྱིས་ཚྭ་མཚོའི་ཐོན་ལས་དང་། དག་གཙང་ནུས་ཁུངས་ཀྱི་ཐོན་ལས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་སོགས་དང་འདྲེས་པར་བྱས་པ་དང་། ཀུན་ཕན་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། གྲངས་ལྡན་དངུལ་རྩ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། དངུལ་རྩའི་འདོན་སྤྲོད་དང་མང་ཚོགས་ཀྱི་དངུལ་རྩའི་དགོས་མཁོའི་ལེགས་པར་བསྐངས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། བྱེད་ཕྱོགས་ཉམས་མྱོང་ཅན་དང་ཞིབ་འཚོལ་མ་ལག་ཅན། ནུས་ལྡན་བྱེད་ཐབས་ལམ་ལུགས་ཅན་དུ་འགྱུར་བར་འབད་བརྩོན་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།