ཟླ་ལྔ་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་ལས་རིགས་ཀྱི་ལས་བཟོ་བའི་རྩལ་ནུས་འགྲན་སྡུར་སྐབས་བཞི་པ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཚའི་མགུར་ཁུལ་གསར་དུ་བསྡུ་མགོ་བརྩམས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཞུས་ལིའུ་ཕིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མགོ་རྩོམ་མཛད་སྒོར་ཞུགས།
ཞུས་ལིའུ་ཕིང་གིས་ཤིས་ཚིག་ནང་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་འཐེན་ཐུག་ལས་རིགས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་བསྡུ་རྒྱུ་དེ་དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། འཐེན་ཐུག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ངལ་རྩོལ་དང་རྩལ་ནུས་འགྲན་སྡུར་བརྒྱུད་དེ། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བཟོ་ཚོགས་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། བརྗེ་རེས་མཉམ་ལས་དམ་ཟབ་བྱེད་པ། སྤྱིའི་མཉམ་ཤུགས་གྲུབ་པར་བྱེད་པ། འགྲན་སྡུར་བཟང་བོར་བསྒྲུབ་པ་དང་འགྲན་སྡུར་ཁྲོད་སྙིང་སྟོབས་ཆེར་བསྐྱེད་པ། ཚོང་རྟགས་བཟང་བོ་སྒྲུབ་ནས། འཐེན་ཐུག་རྩལ་ནུས་འགྲན་སྡུར་དེ་སྤུས་ལེགས་ཅན་དང་ཚོང་རྟགས་ཅན། གཞི་ཁྱོན་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཝུའུ་ལ་ཙི་པེ་ཁི.རི་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན། ཝང་ལིས་མེན། དབྱང་ཀྲི་ཝུན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཞོར་འགན་ཁུར་བའི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཙིའུ་ཀྲིན་བཅས་མཛད་སྒོར་ཞུགས།
སྐབས་འདིའི་འགྲན་སྡུར་ནི་ཞིང་ཆེན་རིམ་པའི་རིགས་དང་པོའི་འགྲན་སྡུར་ཡིན་པ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཅིན། ཞིང་ཆེན་ཚན་རིག་ལག་རྩལ་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། འགྲན་སྡུར་ཐད་ནས་འཐེན་ཐུག་གི་མི་སྒེར་རྣམ་གྲངས་དང་འཐེན་ཐུག་ཐོན་རྫས། གསར་གཏོད་འཐེན་ཐུག་ཚོགས་པའི་རྣམ་གྲངས་བཅས་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་རིགས་དང་པོའི་འགྲན་སྡུར་གྱི་བྱ་དགའི་བྱེད་ཐབས་ལྟར་ན། འགྲན་སྡུར་ཁྲོད་སྤྱིའི་རྒྱུགས་འབྲས་ཀྱི་ཨང་དྲུག་པ་ནང་དུ་འདུ་བའི་དེའི་ཡན་གྱི་ཨང་རིམ་ཐོབ་པའི་འགྲན་ཞུགས་པར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་གྱི་ལག་རྩལ་འཇོན་མིའི་མཚན་སྙན་གནང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འཐུས་ཚབ་རུ་ཁག་སུམ་ཅུའི་འགྲན་ཞུགས་མི་སྣ་བརྒྱ་དང་བདུན་འགྲན་སྡུར་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།